[A:༥༩༢]ཐིམ་ནས་དབྱེར་མེད་དུ་གྱུར་པ་ཞིག་བྱུང་གསུངས་པ་ལྟར། ཡབ་རྗེའི་ཞབས་བརྟན་ངག་གི་དབང་ཕྱུག་མ་དང་། ཕྱོགས་ལས་རྣམ་རྒྱལ་མ་གཉིས་གང་གི་ཡུལ་ནས་སྲས་ཀྱི་ཞབས་བརྟན་གསོལ་འདེབས་སུ་འཛུགས་པར་མཛད། ཕུར་སྒྲུབ་སྐོར་གེགས་མེད་དུ་གྲུབ།
དེ་སྐབས་ཙམ་ལ་ལྕགས་ཟམ་གྲུབ་དབོན་ངག་དབང་བསྟན་འཛིན་ཕུན་ཚོགས་དེ་ཉིད་ལས་སྔ་ཕྱིར་གསུང་གི་བདུད་རྩི་གསོལ་བ་རྣམས་ཕྱོགས་གཅིག་ཏུ་བཀོད་ན་ཚེ་དབང་བླ་མ་ཞི་ཁྲོ་མདའ་འཕེལ་དང་གྲུབ་རྒྱལ་ལུགས། བསམ་པ་ལྷུན་གྲུབ་ཀྱི་སྒྲུབ་ཐབས་ཚོམ་བུའི་དཀྱིལ་འཁོར། ཀུ་རུ་ཀུ་ལླེལྷ་ལྔ། གསོ་བྱེད་བདུད་རྩི་བུམ་ཆེན། མི་འཁྲུགས་པ་ཟླུམ་པོ་བཞི་དབང་། གུར་མགོན་གྲི་གུག་ལྷ་ལྔ་ལུགས་གཉིས། ལྷ་བརྒྱད། བཅུ་གཉིས། བཅུ་བདུན། རིགས་གསུམ་སྤྱི་དབང་། ཀྱཻ་རྡོར་མཚོ་སྐྱེས་ལུགས། ནག་པོ་ལུགས། གསང་འདུས་འཇམ་རྡོར། གཤེད་མར་ལྷ་ལྔ། འཇིགས་བྱེད་རོ་ལང་བརྒྱད་སྐོར་རྣམས་ཀྱིས་དབང་། རྡོ་རྗེ་ཁྱུང་ཁྲའི་ཐུན་མོང་མ་ཡིན་པའི་རྗེས་གནང་བཀྲུ་བྱབ་སྲུང་བ་མཐའ་རྟེན་གཏོར་དབང་དང་བཅས་པ། སྣ་ཚོགས་ཡུམ། རྣམ་འཇོམས་བ་རི་ལུགས། ཕྱག་རྡོར་ཨུ་ཙ། སེང་གདོང་དམར་མོ། སྨེ་བརྩེགས་དུད་ཁ། རྟ་མགྲིན་ཤྭ་ན་བཞི་བསྐོར། ཕག་དཀར།