[A:༥༩༣]ཤེས་རབ་གསལ་བྱེད། སྒྲོལ་མ་དམར་པོ། ཛམ་དམར་ས་ལུགས། ཛམ་བྷ་ལ་དཀར་པོ། རྟ་མགྲིན་སྐྱེར་སྒང་། མགོན་པོ་ཕྱག་དྲུག ཕྱག་བཞི། བེང་དམར། བཀའ་གདམས་ལྷ་བཞི། རི་ཁྲོད་མ། ཕྱག་རྡོར་གཏུམ་པོ། སྨེ་བརྩེགས་ལྗང་ནག། མི་གཡོ་བ་སྔོ་དཀར། ཐུབ་དབང་གནས་བརྟན་བཅུ་དྲུག དམག་ཟོར་རྒྱལ་མོ། དུར་བདག དཀར་བདུད། སྒྲོལ་མ་ཚེ་སྦྱིན་མ། ཕྱག་རྡོར་འགྲོ་བཟང་། རྟ་མགྲིན་དབྱུག་ཐོ་ཅན། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས། རྟ་མགྲིན་ལྕགས་རལ། འཇམ་དབྱངས་སྨྲ་སེང་། ཚེ་དཔག་མེད་དཀར་པོ། གུར་མགོན་གཏོར་དབང་། གུར་ལྕམ་དྲལ་ལྷ་གསུམ། བརྒྱད། དགུ། བཅུ་གཉིས་མ་རྣམས་དང་སྤྲིན་ཞབས་མ། བེར་གཅེར། པུ་ཏྲ། བྲན་བདུད། ཞལ་བསྙེན་དུས། གསང་སྒྲུབ། ལས་གཞིའི་མགོན་པོ་རྣམས་དང་། དུད་སོལ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དམར་ཆུང་བསྐོར་གསུམ། ཚོགས་བདག་ཐུན་མོང་དང་ཐུན་མོང་མ་ཡིན་པ། ཁྱད་པར་དང་བཅས་པ། འདོད་རྒྱལ་ཐུན་མོང་དང་ཐུན་མོང་མ་ཡིན་པ། རྣམ་སྲས་སྤྲིན་གསེབ། མདུང་དམར་ཅན་གཉིས། རྟ་སྔོན་རྣམས་ཀྱི་རྗེས་གནང། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། གྲུབ་དབོན་ཉིད་ཀྱི་མཛད་པའི་ཡིག་ལུང་། ས་སྐྱའི་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་ལ་ས་ཆེན་གྱི་གཉིས། རྩེ་མོའི་གསུམ། རྗེ་