[A:༥༩༤]བཙུན་གྱི་གསུམ། ས་པཎ་གྱི་གསུམ། འཕགས་པའི་བཞི་རྣམས་དང་། བྱམས་ཆོས་སྡེ་ལྔ་། རྡོ་རྗེ་ཕུར་པའི་འགྲེལ་ཆེན་འབུམ་ནག་རྣམས་ཀྱི་ལུང་། ཡང་ནེ་གུའི་ཆོས་སྐོར་ལ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་། བདེ་མཆོག་དབང་བཞིའི་ལུས་བསྒྲིགས། ཆོས་དྲུག་གི་སྒོས་བཀའ་སོ་སོ། ཕྱག་ལེན་གའུ་མའི་བྱིན་རླབས། བླ་མ་ཡི་དམ་ལམ་ཁྱེར། མཁའ་སྤྱོད་དཀར་དམར། མཁའ་སྤྱོད་གསུམ་ཕྲུགས། ལྷ་བཞི་དྲིལ་སྒྲུབ་རྣམས་ཀྱི་བྱིན་རླབས། འཁྲིད་ཡིག་སྙིང་པོ་ཀུན་འདུས་ཀྱི་སྟེང་ནས་ཉམས་ཁྲིད་རྒྱབ་རྟེན་ལུང་ཡོངས་སུ་རྫོགས་པ། ས་སྐྱ་པའི་གསེར་ཆོས་ཁྱུང་པོད། ཡང་གུར་མགོན་བྲག་རྫོང་མའི་ཁྲིད་ཕྱི་ནང་གསང་གསུམ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་པའི་ནང་ཁྲིད། གསང་བའི་ལས་སྦྱོར་སྤུ་གྲི་སོ་འདེབས། མགོན་དཀར་ཚེ་འཁྲིད། ལུང་ལ་མགོན་པོད་མེ་འབར་མ། སྙན་བརྒྱུད་པོ་ཏི་གླེགས་བམ་དེར་བཞུགས་པ་དང་མ་བཞུགས་པ། སྒོ་རུམ་པ། ཚར་ཆེན། མཁྱེན་བརྩེ། བོད་མཁར་བ། རྟ་ར་བ། དབང་ཕྱུག་རབ་རྟན། ངག་དབང་ཆོས་གྲགས། ཀུན་དགའ་བསོད་ནམས། གྲུབ་དབོན་ཆེན་པོ་ཉིད་རྣམས་ཀྱིས་མཛད་པའི་འདིའི་སྐོར་གྱི་ཆོས་སྣ་འགའི་ལུང་། ཡང་སྟོབས་འཕྲོག་དབང་པོའི་མན་ངག་ལུས་ལ་གནད་དུ་སྣུན་པས་རྡོ་རྗེ་འཛིན་པའི་གོ་འཕང་མངོན དུ་བྱེད་པའི་གསང་འཁྲིད། ཚེ་