R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༩༥
[A:༥༩༥]སྒྲུབ་གུར་བདུན་མའི་ཉམས་འཁྲིད་ལུང་ལ་ཞལ་པོད་ཡོངས་རྫོགས་དང་། སྙིང་ཐིག་ཧ་ལའི་བེ་བུམ། དུད་སོལ་མའི་ཆོས་སྐོར་གླེགས་བམ་ཡོངས་སུ་རྫོགས་པའི་ལུང་། ཡང་གཏེར་བདག་གླིང་པ་ཆེན་པོའི་གཏེར་གསར་བླ་མ་དྲག་པོ་དང་། རིག་འཛིན་ཐུགས་ཏིག་གི་དབང་ལུང་བེག་ཙེ་འཁོར་མང་གི་རྗེས་གནང་། ཆོས་སྣའི་ལུང་། ནག་པོ་ཆེན་པོ་རྣམ་གཉིས་ཀྱི་ཟབ་གནད་མདུད་འགྲོལ་རིན་ཆེན་ལྡེ་མིག་དང་སྙིང་བཅུད་ཟིལ་མངར་འཁོར་ལོ་བྲི་ཡིག་མཐོང་བ་དོན་གསལ་དང་སྙིང་གི་ཁྲག་ཐིག དམར་པོ་སྐོར་གསུམ་གྱི་འཁོར་ལོའི་གསལ་བྱེད་དང་། བཀའ་གནད་མདུད་འགྲོལ། རྣས་སྲས་དབང་དྲག་གི་བེ་བུམ་སོགས་དུ་མ་གསན་ནོ། །བསྟན་འགྲོ་སྤྱི་སྒེར་གྱི་འཕེལ་རྒྱས་ལ་དགོངས་འདྲེན་མཆོག་དམ་པ་འདི་ཉིད་ནས་གྲུབ་དབོན་ཆེན་པོར་ཆོས་གྲ་ལྷོ་བྱང་གི་དགེ་འདུན་རྣམས་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་གནང་དགོས་ཚུལ་ཕེབས་པ་བཞིན་སློབ་བཤད་ཟབ་མོ་ཆ་ལག་དང་བཅས་པ་སྨིན་རྒྱས་སུ་སྩལ། གཞན་ཡང་དམ་པ་ཁ་ཤས་ལས་གསན་བཞེས་མཛད་ཚུལ་འགའ་ཞིག་འདིར་བརྗོད་ན། ཡང་ཆོས་གཏེར་གླིང་པ་ངག་དབང་ཀུན་བཟང་རང་གྲོལ་ལས་འཆི་མེད་སྐུ་གསུམ་རིགས་འདུས་དང་། ཟབ་ལམ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་ཀུན་འདུས་ཀྱི་སྐོར་སོགས་གསན་ནོ། །ཡང་རྡོ་རྗེ་འཛིན་པ་ཆེན་པོ་དཀོན་