R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༩༦
[A:༥༩༦]མཆོག་རྒྱལ་པོ་ལས་བླ་མ་ཞི་ཁྲོ་དང་། ལྕགས་གདོང་མའི་ཚེ་དབང་རྡོ་རྗེ་ཕྲེང་བ། གསང་འདུས་མི་བསྐྱོད་རྡོ་རྗེ། རྡོ་རྗེ་ཕུར་པའི་སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང། ཕུར་པའི་བརྒྱུད་འདེབས། སྒྲུབ་ཐབས་ཀླགས་པས་དོན་གྲུབ། དཀྱིལ་མཆོག་ཡིད་འོང་བློ་གྲོས་ཁ་འབྱེད། གཏེར་བཟློག་དགྲ་བགེགས་ཀུན་འཛོམས་ཀྱི་ལྷན་ཐབས་གནམ་ལྕགས་རྡོ་རྗེའི་མེ་དབལ། དྲུག་ཅུ་པའི་ཆོ་ག་དགྲ་བགེགས་གནད་གཅོད་ཀྱི་སྤུ་གྲི། ཚེ་སྒྲུབ་གུར་བདུན་མའི་ཉམས་ལེན། དཔལ་མགོན་ཞལ་བཞིའི་དྲག་པོའི་གཏོར་ཆེན་བསམ་དོན་ལྷུན་གྲུབ་འཁྲིད་བརྒྱ་རྣམས་ཀྱི་ལུང་དང། གཡུ་ཐོག་སྙིང་ཐིག་གི་སྐོར་སོགས་གསན། ཡང་གྲུབ་དབང་བསོད་ནམས་ཆོས་འཕེལ་ལས་ཚེ་དབང་མདའ་འཕེལ་དང་གྲུབ་རྒྱལ་ལུགས། འཇིགས་བྱེད་བཅུ་གསུམ་མ་དང་མགོན་པོའི་དབང་ཆེན་ལྔ་། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། ཡང་ལུང་ལ་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུར་གྲགས་པ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ། རྒྱས་སྲས་བཀའ་འབུམ། བློ་སྦྱོང་ལེགས་བཤད་ཀུན་འདུས་དང་ཆིག་ཆོད་ཆེན་མོ། མགོན་པོས་མེ་དའབར་མ། སྙན་བརྒྱུད་གླེགས་བམ། རྡོ་རྗེ་བྲག་རྫོང་མ་བར་ཆད་ཀུན་སེལ། རྣམ་བཤད་ཟབ་དོན་སྙན་བརྒྱུད་རོལ་མཚོ།