R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༩༧
[A:༥༩༧]གཏོར་མ་གསུམ་གྱི་ཞལ་ཤེས། རྡོ་རྗེ་བྲག་རྫོང་མའི་ཁྱད་པར་གྱི་ལྡེ་ཁའི་ཞལ་ཤེས། བྲག་རྫོང་མའི་ཕྱི་རོལ་རྫས་ཀྱི་སྦྱོར་བའི་ཞལ་ཤེས། ནག་པོ་ཆེན་པོའི་གསང་སྒྲུབ་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གསུང་བགྲོས། ནག་པོ་ཆེན་པོའི་ནང་སྒྲུབ་སྐབས་ཀྱི་གནད་ཀྱི་ཟིན་བྲིས། གཏོར་མའི་གསད་ལས། དབང་གི་དངོས་གྲུབ་སྒྲུབ་པ། བསྙེན་པ་བྱེད་ཚུལ་གྱི་ཡི་གེ་ཐུན་མོང་མ་ཡིན་པ། གུར་གྱི་མགོན་པོའི་བསྙེན་པའི་ཞལ་གདམས། མགོན་པོའི་དབང་གིི་སྦྱིན་བསྲེག་གི་ཞལ་ཤེས། དྲག་པོ་སྔགས་རྒོད། བྲག་རྫོང་མའི་དམ་ཚིག་འཁོར་ལོའི་ཞལ་ཤེས། སྔགས་པ་ནང་རྒྱས། དྲི་ཆུ་ལ་བརྟེན་ནས་རིམས་ནད་བསྲུང་བ། དྲི་བ་ལྷག་བསམ་རབ་དཀར། འཁྲིད་ཡིག་འདོད་དགུའི་དཔལ་སྟེར་རྣམས་དང་། ཚེ་སྒྲུབ་གུར་བདུན་མ། ནོར་ལྷ་དབྱུག་གུ་མཆེད་གསུམ་གྱི་མན་ངག་གི་ཡི་གེ་སྔགས་འཆང་ཀུན་དགའ་བསོད་ནམས་ཀྱི་མཛད་པ་རྣམས་ཀྱི་ལུང་། མཁས་གྲུབ་ཁྱུང་པོ་ནས་བརྒྱུད་པའི་ནེ་གུའི་བེ་བུམ་ལུང་དང་བྱིན་རླབས་ཁ་ཤས། ནཱ་རོ་མཁའ་སྤྱོད་ཀྱི་རྣལ་འབྱོར་བཅུ་གཅིག་གི་འཁྲིད། ར་འཁྲིད་མཁའ་འགྲོ་སྙན་བརྒྱུད་སོགས་གསན་ནོ། ། ཡང་སྟག་རྩེ་བྱམས་པ་ལྷ་དབང་རིག་འཛིན་ལས། གྲུབ་རྒྱལ་ཚེ་དབང་། མི་འཁྲུགས་ལྷ་དགུའི་དབང་། སྒྲོལ་དཀར་རྗེས་གནང་དང་ཁྲིད། གཉན་སྒྲོལ། སེང་གེ་སྒྲ། ཚེ་དཔག་