[A:༥༩༨]མེད་དཀར་པོ། རྡོ་རྗེ་ཁྱུང་ཁྲ། ཕྱག་རྡོར་གཏུམ་པོ། དམག་ཟོར་རྒྱལ་མོ་རྣམས་ཀྱི་རྗེས་གནང་། རབ་གནས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བ། དྲུག་ཅུ་པའི་ཆོ་ག་དགྲ་བགེགས་གནད་གཅོད་ཀྱི་སྤུ་གྲི། གཏོར་ཆེན་བྱང་ཚུལ། མགོན་པོའི་ཞི་བའི་སྦྱིན་སྲེག་སྔགས་འཆང་ཀུན་བསོད་ཀྱི་མཛད་པ། གཟའ་བཅོས་རྗེ་གཡའ་བཟང་བའི་མན་ངག་རྣམས་ཀྱི་ལུང་། མ་གཅིག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཆོས་སྐོར་སོགས་གསན་ནོ། །
ལོ་དེའི་ནང་དུ་དྲུང་ཡིག་དབང་ཕྱུག་བཀྲ་ཤིས་མཛོད་པར་འཁོད། རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མས་དགེས་པ་རྡོ་རྗེའི་ལྗགས་བསྙེན་གནང་སྟེ་དམ་རྫས་འཆི་མེད་རིལ་བུ་སྒྲུབ་པ་སོགས་བསྟན་པའི་འཁུར་ཆེན་གང་མཚམས་རེ་ཞིག་བཞེས།
དགུང་གྲངས་དགུ་ཙམ་ནས་རྩ་རྒྱུད་བརྟག་གཉིས་བདེ་ཀྱཻ་གསང་གསུམ་སོགས་སྒྲུབ་དཀྱིལ་སོ་སོ་བླ་མ་མཆོད་ཚོགས་སོགས་ལ་ཐོས་བསམ་མཐར་ཕྱིན་གྱི་སྒོ་ནས་སྒྲུབ་མཆོད་སོགས་ལ་སློབ་དཔོན་མིན་པའི་ཚོགས་དབུར་ཕེབས།
དགུ་གྲངས་བཅུར་ཕེབས་པ་ཤིང་རྟ་ལ་ཆོས་གྲྭ་ལྷོ་བྱང་དགེ་འདུན་མང་པོ་ལ་དགེ་སློང་གི་སྡོམ་པ་འབོགས་པའི་མཐུན་རྐྱེན་བཟང་པོ་བསྩལ་ཏེ། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་དེ་བཞིན་དང་ལེན་མཛད། ལོ་དེར་ལྷོ་བོད་ཤིན་ཏུ་གཟར་