[A:༦༠༡]སྦྱར་བྱང་གི་བར་ཚང་ལ་མ་ནོར་བ་ཡོངས་སུ་རྫོགས་པ་དག་གསལ་སྙན་པའི་དབྱངས་ཀྱི་ལེགས་པར་བསྩལ་བས་འདུས་ཚོགས་ཐམས་ཅད་ཤིན་ཏུ་ཡ་མཚན་ངོ་མཚར་གྱི་དཔལ་ལ་བཀོད།
ཉིན་གསུམ་པོ་དེའི་རིང་གསུང་ཆོས་ཀྱི་བར་རྣམས་ལ་གསོལ་ཇའི་ཐོག་ལེགས་སྐྱེས་ཐོག་མར་རྒྱལ་དབང་རིན་པོོ་ཆེ་ནས་དགུ་ཚན་དགུ། ཤོད་ནས་དགུ་ཚན་ལྔ། སྐུ་ཞང་ཆོས་རྗེ་བཅོ་བརྒྱད་པའི་འབུལ་ཚན་ཉེར་ལྔ། འོད་ཆོག་སྤྲུལ་སྐུ་རིན་པོ་ཆེས་དགུ་ཚན་ཉེར་གཅིག སྨིན་གྲོལ་གླིང་ནས་དགུ་ཚན་གསུམ། རྡོ་རྗེ་བྲག་ནས་དགུ་ཚན་གསུམ། བསམ་ཡས་ཆོས་སྐྱོང་ཆེན་པོའི་དགུ་ཚན་བཞི། གོང་དཀར་རྡོ་རྗེ་གདན་སོགས་དབུས་ཀྱི་དགོན་ཁག་སོ་སོའི་བླ་སྤྱི་སོགས་ནས་ཀྱང་འབུལ་དཔངས་རྒྱ་ཆེན་པོ་དང་། ངོར་ཨེ་ཝམ་ཆོས་ལྡན་མཁན་རིན་པོ་ཆེ་ནས་དགུ་ཚན་བཞི། བདུན་ཚན་གཅིག ངོར་སྤྱི་སོའི་ཚན་གྲངས་གསུམ། བླ་བྲང་ཁག་རྣམས་ནས་ཀྱང་དངོས་འབུལ་རྒྱ་ཆེན་པོ་དང་། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་པོ་རིན་པོ་ཆེ་ནས་དགུ་ཚན་ལྔ། གྲྭ་ཚང་ནས་ཀྱང་དངོས་འབུལ་རྒྱ་ཆེན། གཞིས་རྩེ་རྫོང་དཔོན་ཁྲུས་ཕུ་ནས་སོགས་རྫོང་དཔོན་གྱི་རིགས་མང་པོ་དང། འདར་བསམ་གྲུབ་པ་སོགས་སྡེ་དཔོན་རིགས། དྲུང་འཁོར། གཞིས་རྒན། ཁྱིམ་བདག་རང་ཁ་བ་བཅས་སོ་སོ་ནས་ཀྱང་འབུལ་དངོས་ཤིན་ཏུ་གཙང་བ། རྗེ་བཙུན་