[A:༦༠༢]ཨ་ལྕེ་ལགས། ཡུམ་དྲུང་། མཛོད་པ་དབང་ཕྱུག་བཀྲ་ཤིས། གཉེར་དཔོན། གནས་སློབ། གསོལ་གཟིམ། མཆོད་དཔོན་སོགས་སྐུ་འཁོར་སེར་མོ་བའི་རིགས། དྲུང་ཡིག མགྲོན་གཉེར། གཉེར་ཚང་པ། གཟིམ་འགག་པ། རྩྭ་ཤིང་གཉེར་པ་སོགས་སྐུ་འཁོར་སྐྱ་རིགས་རྣམས་ནས་རང་རང་གི་་འབྱོར་བ་དང་བསྟུན་པའི་ཆོས་ཡོན། ཆོས་གྲྭ་ལྷོ་བྱང་གི་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་དགུ་ཚན་ལྔ། སྤྱི་པ་ནས་དགུ་ཚན་བདུན། སྤྱི་ཆེན། ལས་ཐོག་པ། དབུ་ཆོས། བན་ཚང་བསྙེན་སོང་། སྒྲིགས་པ་ཡན། འབུལ་སྡུད་བླ་མ་གསར་རྙིང་། སྐུ་གཉེར་སོ་སོ། སྒྲུབ་སྡེ་གོང་འོག ཆོས་ལྷུན་བཅས་ཀྱི་བླ་གྲྭ་རྣམས་དང་། གཞན་ཡང་གཞིས་ཁག་རྣམས་ཀྱི་གཉེར་རྒན་བཅུ་དམངས་སོགས་སེར་སྐྱ་དྲག་ཞན་སོ་སོ་ནས་ཀྱང་རྟེན་གསུམ་གསེར་དངུལ་གོས་དར་སོགས་རང་ལ་ཇི་ལྟར་མངའ་བ་རྣམས་ལེགས་སྐྱེས་སུ་ཕུལ། སྔར་སྲོལ་ལྟར་ངོ་མཚར་བའི་རྟེན་བཞིའི་ཐོག་དྲངས། གདན་ས་ཆེན་པོའི་གཙུག་ལག་ཁང་རྣམས་སུ་དཀར་མེ། ཞལ་ཟས། སྤོས། བླ་བྲེ། འཕན། སྙན་ཤལ་སོགས་ཀུན་བཟང་མཆོད་སྤྲིན་ལྟ་བུའི་མཆོད་འབུལ་བསམ་གྱིས་མི་ཁྱབ་པ་དང་། དེར་བཞུགས་བླ་མ་དགེ་བའི་བཤེས་གཉེན་སོགས་ལ་རྣམ་བཞག དགེ་འདུན་འདུས་པའི་ཚོགས་གཞི་གྲྭའི་རིགས་ལ་འབྲུ་ཁལ་རེ་དང་། གཞན་ཡང་།