[A:༥]བྷ་དྲ་རཱ་ཧུ་དགེ་བཤེས་རྔོག་དང་ནི།
ཞང་སྟོན་ཆོས་འབར་དཔལ་ཆེན་རྒ་ལོ་སོགས།
ལྷ་དང་མི་ཡི་དམ་པ་དུ་མའོ། །
གང་དེས་བཙུན་མོ་གཉིས་བཞེས་དང་པོ་ནི།
ཚ་རོང་ཇོ་ལྕམ་ཕུར་མོར་ཀུན་དགའ་འབར།
གཉིས་པ་ཚ་རོང་འོད་སྒྲོན་བསོད་ནམས་རྩེ།
གྲགས་པ་རྒྱལ་མཚན་དཔལ་ཆེན་འོད་པོ་གསུམ།
ཞལ་སློབ་ཞུ་ཡས་པཎ་ཆེན་གྲགས་རྡོར་བ།
ཟུང་གིས་ཚིགས་བཅད་མཛད་པ་འདི་ལྟ་སྟེ།
གདུལ་བྱ་མཐའ་དག་སྨིན་པར་མཛད་པ་ལ།
ཞང་སྟོན་སྒྱི་ཆུ་བ་ཡི་ལུང་བསྟན་ལྟར།
ཚེ་འདིར་ཕྱག་ཆེན་ཐོབ་པ་རྣམ་པ་གསུམ།
སིངྒ་གླིང་གི་རྣལ་འབྱོར་བྱང་སེམས་སྟག།
སྒོམ་པ་སྐྱི་འབར་གསུམ་དུ་གསལ་བར་གྲགས།
བཟོད་པ་ཐོབ་པ་བདུན་དུ་གྲགས་པ་ནི།
རྗེ་བཙུན་ཆེན་པོ་ཞུ་ཡས་དངོས་གྲུབ་དང།
ནང་སྒོམ་བསོད་རྒྱལ་ཚར་ཁའི་རྣལ་འབྱོར་པ།
བསྒོམ་པ་འོད་གྲགས་དགའ་སྟོན་མང་ཆུང་མ།
གཞོན་ནུའི་ས་ལ་གནས་པའི་སློབ་མ་ནི།
མཁའ་སྤྱོད་དབང་པོ་བསོད་ནམས་རྩེ་མོར་གྲགས།
གཞན་ཡང་བདག་ཉིད་ཆེ་དེའི་སློབ་མ་ནི།
བརྟུལ་ཞུགས་གྲུབ་པ་དཔལ་ཆེན་རྒ་ལོའི་ཞབས།
བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་དང།
དཔལ་ལྡན་ཕག་མོ་གྲུ་པ་ཆེན་པོ་དང།
སྒོམ་པ་རྟ་རྒན་རྣལ་འབྱོར་ཕག་སྟོན་སོགས།
གྲུབ་པ་བརྙེས་པའི་སྐྱེས་ཆེན་དུ་མ་དང།
རྟ་