[A:༦]ནག་འཁྲུངས་པའི་རྒྱལ་ཚ་ཏལ་ཕུག་པ།
འུ་ཡུག་འཁྲུངས་པའི་དབྱར་སྟོན་སྦུ་མ་བ།
གཡོར་སྟོན་བྱོན་པའི་གཤེན་སྟོན་རྡོར་སེང་དང།
ཡར་ཀླུང་འཁྲུངས་པའི་གཤེན་སྟོན་དགོན་དཀར་བ།
འོན་དུ་བྱོན་པའི་ཞང་སྟོན་གསུམ་ཐོག་པ།
བྲག་དམར་ཞུ་དང་ཞང་སྟོན་སྤེ་དམར་བ།
སྐྱུ་ར་ཨ་སྐྱབས་དེ་སྲས་ཨ་སེང་དང།
གནམ་དུ་བྱོན་པའི་ནེ་ཙོ་ཝལ་སྟོན་དང།
ལྷ་བྲག་དཀར་སྟོན་ལྕགས་ཀྱི་རྡོ་རྗེ་དང།
གསང་ཕུའི་མཁས་པ་མཛངས་སྟོན་མཛའ་ནེ་དང།
ཐུགས་སྲས་དམ་པ་བསོད་ནམས་རྡོ་རྗེ་དང།
སྙགས་སྟོན་དབང་རྒྱལ་རྒྱ་སྒོམས་ཚུལ་ཁྲིམས་གྲགས།
མི་ཉག་སྟོན་པ་པྲཛྙཱ་ཛྭ་ལ་དང།
ཁམ་པ་རྒ་ཐང་འ་འུ་མ་ལ་སོགས།
རྨི་ལམ་ན་ཡང་འདོད་ལ་མ་ཆགས་ཤིང།
རྒྱུད་སྡེའི་སྙིང་པོ་རིམ་གཉིས་ལྷུར་ལེན་པའི།
མཁས་གྲུབ་དམ་པ་མུ་མཐའ་བྲལ་བ་ཡིས།
རྒྱ་མཚོའི་གོས་ཅན་དཔལ་དང་ལྡན་པར་བྱས།
རྒ་ལོའི་སློབ་མ་གཡུ་བྲག་པ་ལ་སོགས།
ཟླ་རྒྱལ་སློབ་མ་ཉིན་ཕུག་པ་ལ་སོགས།
ཕག་གྲུའི་སློབ་མ་འབྲི་སྟག་གླིང་གསུམ་སོགས།
རྒྱལ་ཚའི་སློབ་མ་རི་མ་ལྕེ་སྒོམ་སོགས།
ཨ་སེང་སློབ་མ་ཕྱག་གཙང་ཉང་རན་སོགས།
རྗེ་པའི་སློབ་མ་ས་སྐྱ་པཎ་ཆེན་དང།
གྲགས་པའི་མཐའ་ཅན་བརྒྱད་ལ་སོགས་པ་སྟེ།
ཤར་ཕྱོགས་རྒྱ་མཚོའི་མཐའ་ཀླས་དམ་པ་རྣམས།
ཐུགས་རྗེ་ཆེ་