[A:༦༠༣]ཞིབ་མར་ཐུད་རྣམས་ཀྱི་འགྱེད་སོགས་བསྙེན་བཀུར་གྱ་ནོམ་པ་དང་། སྐྱེ་བོའི་ཚོགས་བགྲངས་ལས་འདས་པ་རྣམས་ལ་མར་འབྲུ། ཚྭ་སོགས་སྦྱིན་པ་རྒྱ་ཆེན་བཅས་ཡབ་མེས་གོང་མའི་ཁྲི་སྟོན་རྣམས་ལས་ཀྱང་ཆེས་ཟབ་པར་གནང་བ་རྣམས་འཁོར་གསུམ་ཡོངས་དག་གི་གསུང་བསྔོ་བླ་ན་མེད་པའི་བྱང་ཆུབ་ཏུ་རྒྱས་འདེབས་ཀྱང་རྣམ་འདྲེན་དམ་པ་འདི་ཉིད་རང་ནས་བཀའ་དྲིན་སྐྱང་རྗེས། བླ་མ་སློབ་དཔོན་དགེ་འདུན་འདུས་ཚོགས་དང་བཅས་པས། མེ་ཏོག་གི་ཆར་དང་བཅས་བཀྲ་ཤིས་མངའ་གསོལ་གྱི་སྒོ་ནས། མཛད་འཕྲིན་བཟང་པོ་གེགས་མེད་ལྷུན་གྲུབ་འབྱུང་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པས་བསྟན་འགྲོ་སྤྱི་སྒེར་ལ་འཕྲལ་ཡུན་གྱི་ཕན་བདེ་ཉི་མ་ཤར་བ་ལྟར་གྱུར་ཏོ། །
དེ་ནས་དགུང་གྲངས་བཅུ་གསུམ་དུ་ཕེབས་པ་མེ་བྱ་ལོར་ལྗོངས་འདི་ཤིན་ཏུ་གཟིར་བ་བྱུང་ཚེ། སྐྱེ་བོའི་གླེང་བརྗོད་ཀྱི་རིགས་སྣ་ཚོགས་ལ་རྟེན། ཡུམ་དང་མཛོད་པ་སོགས་ཏབ་ཏོབ་པོའི་རང་བཞིིན་དུ་གྱུར་ཀྱང། རྗེ་འདིའི་མཆོད་དཔོན་དཀོན་མཆོག་རྒྱལ་པོ་ལ། ད་ལམ་རང་རེའི་བསྟན་སྲིད་སོགས་ལ་སྐྱོན་མི་འདུག སློབ་དཔོན་བྱེ་མ་ཨ་ཀྲོང་གི་སྐུ་འདིའི་ཐུགས་ཁ་ནས་འོད་ཟེར་གསལ་ལ་འཚེར་བ་ཞིག་ངེད་རང་ལ་ཤར་བའི་ཚེ། འཇིགས་སྐྲག་གང་ཡང་མེད་ཅིང་། བདེ་གསལ་མི་རྟོག་པའི་ངང་ནས་ལུས་བདེ་ཆམ་འགྲོ་