R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༠༧
[A:༦༠༧]སོགས་མཚན་མའི་བསྙེན་རྟགས་ཀྱང་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་ཚོད་དུ་འདུག་གོ །དེ་ལྟར་གསུང་བསྙེན་སྦྱིན་སྲེག་བཅས་གྲུབ་པ་ནས་བཟུང་ཡབ་མེས་གོང་མའི་དུས་མཆོད། བདེ་ཀྱཻ་གསང་གསུམ། ནཱ་རོ་མཁའ་སྤྱོད། རྡོ་རྗེ་བདག་མེད་མ། རྡོ་རྗེ་གཞོན་ནུ། ཀུན་རིག་སོགས་སྒྲུབ་མཆོད་འདུས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན། རྡོ་རྗེ་གཞོན་ནུའི་གཏོར་བཟློག དྲུག་ཅུ་པ་སོགས་ཀྱི་ཟོར་ལས། ལོ་གནང་དུས་ཀྱི་དམ་རྫས་སྒྲུབ་པ། ཚུགས་སྒྲུབ་མཆོད། དཀར་མོ་དུས་ཇ་སོགས་རྣམ་དཀར་དགེ་འཐེབས་སྟོད་སྨད་ལྷོ་བྱང་སོགས་སུ་འབུལ་སྡུད་བླ་ཁག་ཚོང་པ་བཅས་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས། ཡབ་མེས་ཀྱི་ཕྱག་སྲོལ་བཟང་པོ་མི་ཉམས་ཞིང་ཆེས་ཆེར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་དབུ་ཚུགས་པར་གྱུར། དགུང་གྲངས་བཅུ་དྲུག་ཏུ་ཕེབས་པ་ལྕགས་ཀྱི་ལོར། དབུས་ཕྱོགས་ལ་ཆིབས་བསྒྱུར་བར་བཞེད་དེ་མགོན་ཁང་སྟེང་འོག་སོགས་ལ་འཕྲིན་འཆོལ་གསུང་བསྐང་སྙན་ཤལ་བཅས་གནང་། ཧོར་ཟླ་བཅུ་པའི་དམར་ཕྱོགས་ལ། གཞུང་སའི་སྐུ་ཚབ་སྒང་ཆེན་ནས་དང་བཅས་ཆིབས་རགས་དྲུག་ཅུ་བསྐོར་ཆིབས་ཁ་བསྒྱུར་ཏེ། དགོན་རྒྱས། ལྕང་གཤོང་། རྒྱ་མདུད། སྲད་རྒོད། སྣར་ཐང་སོགས་སུ་རིམ་ཕེབས་ཀྱི་ཐོག སྣར་ཐང་དུ་གནས་གཟིགས་སྙན་