[A:༦༠༨]ཤལ་མཆོད་འབུལ་སྨོན་ལམ་སོགས་དང་། གཞིས་རྩེར་ཕེབས་སྐབས་ཟླ་བ་འདིིའི་ཚེས་བདུན་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་དབུས་ཕྱོགས་ལ་ཆིབས་བསྒྱུར་བས་ཕྱག་མཛོད་སྐུ་ཚབ་ནས་ཇ་ཞུས། རྫོང་ནས་ཟུར་གསོས་སོགས་ཕུལ། གསེར་མདོག་ཅན་དུ་དགོང་ཞག་གཅིག་བཞུགས། བླ་བྲང་། འདུ་ཁང་། གུར་ཞལ་དང་། པུ་ཏྲའི་བླ་མཚོའི་རྒྱུན་ཡོད་པའི་མགོན་ཁང་། གོས་སྐུ་ཁྱད་ཅན་བཅས་ལ་མཆོད་འབུལ་གནས་གཟིགས། བླ་སྤྱི་འདུས་ཚོགས་ནས་ཟུར་གསོལ་ལེགས་འབུལ་དེ་ནས་རིམ་བཞིན་ཞང་པ་བྲག་གདོང་དུ། འབྲས་ཡུལ་སྐྱེད་ཚལ་ནས་ལེགས་འབུལ། རིན་སྤུངས་རྫོང་ནས་ཕེབས་བསུ། ཟུར་གསོས་ལེེགས་འབུལ། བྱམས་ཆེན་གནས་གཟིགས་འཕགས་པའི་ཐུགས་དམ་གུར་མགོན་གྱི་བཞུགས་སྒམ་ཞལ་དབྱེ། ངུར་སྨྲིག་བརྒྱུད་རམ་པར་ཕེབས་སྐབས་རླུང་ཆེ་བ་ཞིག་གིས་དབུ་གུར་མ་གཏོགས་གཞན་རྣམས་འགྱེལ་བའི་ཚེ། ངེད་རང་བན་ཚང་པ་བཅས་ནས་བསྐང་གསོ་བྱེད་དགོས་ཕེབས་པ་བཞིན། ཉམས་བཞེས་གནང་བས། གཏོར་བསྔོ་གྲོལ་ཕྲལ་འཚུབ་མ་རང་ཞིར་གྱུར། ཡར་འབྲོག་དཔལ་དེ་བ་དང་མིག་པ་བཅས་ནས་ཟུར་གསོས་ལེགས་འབུལ། གམ་པ་ལ་བརྒྱུད་གསལ་བྱེད་རྡོར་གླིང་། སྙེ་ཐང་དུ་ཆོས་རྗེ་བླ་མ་དམ་པའི་ཕྱི་རྟེན། ཇོ་བོ་རྗེའི་གདུང་ཐལ་ལས་གྲུབ་པའི་སྐུ་འབུམ། ལུང་བསྟན་སྒྲོལ་མ་སོགས་