[A:༦༡༠]ཐུགས་རྟེན་གྱི་གཙོས་པའི་འབུལ་བའི་རྣམ་གྲངས་ཚན་ཆེ་བར་ཕུལ་ཞེས་གསུངས་པ་ལྟར། ལེགས་འབུལ་དངོས་གཞི་ཚོམ་ཆེན་རྙིང་མར་འབུལ་བར་མཛད་ཐོག་ཀྱང་གསོལ་སྟོན་ཤིན་ཏུ་ཟབ་པ་སྐུ་འཁོར་ནང་གྲས་རྣམས་ཀྱིས་རྗེ་ཉིད་ལ་མཇལ་དར་ཕྱག་དང་བཅས་ཏེ་ཕྱག་དབང་ཞུ་བར་བྱུང་བ་ལ། ཐུགས་ཤིན་ཏུ་མཛངས་པའི་རྣམ་པས་ཕྱག་དབང་གནང་མ་ནུས་པར་མཁྱེན་གཟིགས་རིན་པོ་ཆེ་ནས། འཁོར་འདི་སོགས་སྐྱེ་འགྲོ་སྤྱི་བྱེ་བྲག་ལ་མཇལ་ཕྱག་གསུང་ཆོས་སོགས་བརྩེ་གཟིགས་སྒྲིབ་མེད་གནང་དགོས་པའི་བཀའ་ལྷུག་སྩོལ་ཕེབས་པར་རྟེན། གསུམ་སྐས་མདུན་དུ་སྐྱེ་འགྲོ་དྲག་ཞན་ཁྲི་ཕྲག་ཙམ་ལ་ཤུར་ཕྱག་གནང། དེ་ལྟར་ལྷ་ལྡན་དུ་བཞུགས་ཞག་བཅོ་བརྒྱད་ཙམ་གྱི་རིངརིན་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཇལ་འཛོམས་མཛད་ཚུལ་ནི་དེ་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་འོད་དཀར་ཅན་གྱི་ཕྲེང་བའི་ལྕགས་བྱི་རྒྱལ་ཟླའི་སྐབས་ཀྱི་གསུང་འཕྲོས་ལས་ཉེར་གཉིས་ཀྱི་ཉིན་ས་སྐྱ་བདག་པོ་ཆེན་པོ་ཡུམ་ལྕམ་སྲིང་འཁོར་བཅས་ངོས་ཕྲད་ལ་ཕེབ་སཔར་གསོལ་ཇ་བཞུགས་གྲལ་ཐོག་གནང་སྐྱེས་གྱ་ནོམ་པ་ལྟར་ཞིང་ལན་འདེབས་བཟང་པོ་སོགས་བཟོས་སྒོ་གང་ཆེའི་སྒོ་ནས་མཉེས་པར་བྱས་ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཆེ་བཙན་པར་ཞན་གྱི་རིགསལ་ཚེ་བཀའ་སོགས་འདོད་ཆོས་མཇལ་ཁ་ཕྱག་དབང་སོགས་གང་འཚམས་སྐུ་