R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༢
[A:༦༡༢]ཆིབས་བསྒྱུར་ཀྱིས་འགྲོ་དོན་ཐུགས་མཛངས་མེད་པར་དགོས་ལུགས་ཀྱི་བཀའ་ཕེབས། ལྷ་ལྡན་ནས་ཆིབས་བསྒྱུར་ཏེ་ཡེར་པར་བཞུགས་ཞག་གི་གནས་གཟིགས་ཞིབ་རྒྱས། སང་དེ་སྒོ་མོ་དགོན་གྱི་གནས་གཟིགས་མཛད་ནས་དེའི་ལ་བརྒྱུད་འཕན་ཡུལ་རྒྱལ་ཆེན་གཞོལ་དུ་བཞུགས་བཞག སང་ཉིན་གླང་ཐང་བརྒྱུད་ཕེབས་པར་གླང་ཐང་ཆོས་སྐྱོང་སྐུ་ཕེབས་ཀྱིས་བསུ་བ་དང་བཅས་རྗེ་ཉིད་ལ་དར་གྱི་རྒྱལ་མཚན། ལྕང་རམ་མདུད་ལྡན་བཅས་ཕྱག་རྟེན་དུ་ཕུལ། ནཱ་ལནྡྲའི་དགེ་འདུན་རྣམས་ཀྱིས་སེར་ཕྲེང་། ཆོས་སྐྱོང་སྐུ་ཕེབས། སྐྱེ་བོའི་ཚོགས་ཀྱི་ཕེབས་བསུ་བཅས་བཅོ་བརྒྱད་བླ་བྲང་དུ་ཞག་བདུན་སྐོར་བཞུགས་པའི་བར་ལ་ཞབས་དྲུང་སོགས་ལ་གསུང་ཆོས་ཀྱི་འབྲེལ་པ་སྐྱེ་བོའི་ཚོགས་ལ་ཁྲོམ་དབང་སྩལ་ཚེ་ཉིན་གང་ལ་མི་གྲུབ་པར་གླེང་ཡང་ཉི་མ་གཞན་ལས་རིང་བ་ཞིག་བྱུང་བས་འཛིན་པར་མཛད་པར་གྲགས། བཅོ་བརྒྱད་བླ་བྲང་ནས་ཀྱང་ཟུར་གསོས་གསོལ་སྟོན་སྔ་ཕྱི་བར་གསུམ་དུ་རྒྱ་དཔངས་ཤིན་ཏུ་ཆེ་བ་ཉིན་རེ་བཞིན་སྐྱེ་བོ་དཔག་མེད་ལ་ཕྱག་དབང་གནང། དགུང་གྲངས་བཅུ་བདུན་དུ་ཕེབས་པ་ལྕགས་གླང་ལོའི་རྒྱལ་པོ་ལོ་གསར་ཀྱང་གནས་དེ་ཉིད་དུ་མཛད། ནཱ་ལེནྡྲའི་ཆོས་གྲྭ། འདུ་ཁང་། ཀུན་མཁྱེན་རོང་སྟོན་གྱི་འདྲ་སྐུ། གདུང་རྟེན་མགོན་ཁང་སོགས་ཀྱི་གནས་གཟིགས། དཔལ་ལྡན་རྩེར་ཐུགས་དམ་