[A:༦༡༣]བསྐང་བ་སྨིན་རྒྱས་མཛད་དེ། འཕན་ཡུལ་མདའ་སྐོར་གྱི་གླང་ཐང་དགོན་གྱི་གནས་གཟིགས་ཐོག་ཆོས་སྐྱོང་སྐུ་ཕེབས་མཇལ་འཕྲད། དགའ་མངོན་ཁ་དང་། དགའ་ལྡན་གྱི་གཞུང་བརྒྱུད། འབྲོམ་སྟོན་མེ་འབར་གྱི་གཙུག་ལག་ཁང་གྲས་བྲག་ལ་དཔལ་མགོན་ཞལ་རང་འབྱོན་ཡོད་པའི་མགོན་ཁང་གནས་གཟིགས་གྲུབ་ནས། ཕེབས་ལམ་དུ་ཕྱག་དབང་ཞུ་མི་འདུས་ཁྲོད་བུད་མེད་མཆེ་བ་གཙིགས་པ་ཞིག་ལ་ཕྱག་འཛུབ་གཏད་པར། བླ་མ་དཀོན་མཆོག་རྒྱལ་པོས་བུད་མེད་ཕ་གི་ཅི་འདྲ་ཞིག་ལེགས་ཞུས་པས། ཡུམ་ཆེན་ཞིག་ཡིན་འདྲ་ཕེབས།
དེ་ནས་ཆང་ཚུགས་སུ་བཞུགས་ཞག་དགོད་ཁ་ལའམ་རྒོད་དཀར་ལ་བརྒྱུད་བསམ་ཡས་ཕུ་སྔས་མགོར་བཞུགས་དུས་བསམ་ཡས་མཁན་ཚང་རབ་འབྱམས་པ་སོགས་ཆིབས་བསུ་འབྱོར། དེའི་སང་རྩེས་པོ་ཁར་བསམ་ཡས་སྐུ་རྟེན་པ་རྫོང་དཔོན་སྐུ་ཚབ་སོགས་ཀྱི་ཆིབས་བསུ། ཐབ་འཛིན། ཇ་ཞུས་པ་རྣམས་ཀྱིས་ཕེབས་སྣ་དྲངས་ཏེ་བསམ་ཡས་སུ་བཞུགས་སྒར་ཀླུ་སྡིང་དུ་མཛད། སང་ཉིན་དེ་ལྕོག་ཁར་ལྷ་བསངས་སྨིན་རྒྱས་གནང་རྗེས། ཆོས་སྐྱོང་སྐུ་ཕེབས་ཀྱི་རྡོ་སྐས་མགོར་ཕེབས་བསུར་བྱོན་པའི་ཕྱག་རལ་འཕྱར་ཏེ། ལྷ་མི་ཀུན་གྱི་ལྷ་རྒྱལ་འབོད་སྒྲ་ཆེན་པོ་ཐེངས་གསུམ་མཛད་པ་དང་། རྗེ་ཉིད་ལ་མཇལ་དར་ཆེ་ལེགས་ཞིག་ཕུལ། རྗེ་ཉིད་ནས་