R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༤
[A:༦༡༤]ཀྱང་། སྒྲོན་དར་གསེར་ཕུད་བཅས་གནང་ཞིང་། བཀའ་སྒོ་འཕྲིན་བཅོལ་མཛད་པ་ན། བཀའ་བཞིན་སྒྲུབ་པའི་བརྟགས་དབུ་གུག་ལན་གསུམ་མཛད་པ་ན། ལྕོག་ནང་གསང་བཀོད་ཀྱི་ལུང་བསྟན་འདྲ་ཕེབས་ཡོད་པ་འདྲ་ཡང་སྔར་ཕན་ཡིག་རིགས་མ་མཐོང་། ཆོས་སྐྱོང་རང་གི་རྟེན་རྫས་ནང་མཇལ་བཅས་ཡུན་རིང་གནང་། དབུ་རྩེ་རིགས་གསུམ་ལ་རྒྱ་མཆོད། གཞན་ལ་ལྔ་མཆོད་སྙན་ཤལ་སོགས་དང་བཅས། དེ་སྐོར་གྱི་རྟེན་གསུམ་རྣམས་ཞིབ་མཇལ། ཉིན་རེ་བཞིན་ཆེ་བཙན་གྱི་མཇལ་ཁ་ཞུ་མི་དང་། ཤུར་ཕྱག་ཞུ་མི་ས་གཞི་ཁེབས་པ་ལྟ་བུའི་དངོས་འབུལ་ཤིན་ཏུ་ཆེ་བ་བྱུང་། སྐུ་རྟེན་ལྷ་དབང་དར་རྒྱས་ནས་དབང་གཞི་བཏེག་ཏེ་ཁྲོམ་དབང་སྩལ། སོ་སོ་ནས་རང་ལ་ཅི་ཡོད་ཀྱི་དངོས་རིགས་རྗེ་ཉིད་ལ་གུས་འབུལ་རྩེ་གཅིག་ཏུ་བརྩོན་པར་གྱུར་ཏེ་ཀུན་འཕྲལ་ཡུན་གྱི་ལེགས་ལམ་ལ་སྦྱོར་བར་མཛད། བསམ་ཡས་ཆིབས་བསྒྱུར། རྡོ་མདའ་བརྒྱུད་རྩེ་ཐང་འབྲས་གླིང་། དབེན་དགོན་བསམ་གཏན་གླིང་གི་ཆོས་བསྲུང་གུར་ཞལ་ཆོས་རྗེ་བླ་མའི་ཐུགས་དམ་མ་སོགས་གཟིགས། དེ་དུས་དེ་ན་ཁོག་ཞུགས་བྱེད་ས་ཞིག་ཀྱང་ཡོད་ཚོད་ཀྱི་ཁོ་པར་དེ་འཕྲལ་བབ་ཏེ་གུས་འདུད་བྱས་མཐར་གདུག་འདྲེ་བྱང་ཆུབ་བར་དུ་རྗེས་སུ་བཟུང་ཞེས་སྐད་ཆེན་པོ་དང་བཅས་ཞགས་པའི་སྣེ་གཅིག་རྗེ་ཉིད་ཀྱི་ཕྱག་