R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༦
[A:༦༡༦]ཆོས་སྡེར་གསེར་ཕྲེང་སོགས་ཟབས་རྒྱས་ཐོག་ཕེབས་བཞུགས་རིན་མཆོད་ཁང་སོ་སོའི་གནས་གཟིགས། མགོན་ཁང་དུ་ཐུགས་དམ་བསྐང་གསོ། ཁོང་ཚོས་གར་འཆམ་བཀྲ་ཤིས་ཆོག་མང་དུས་མཛད་པ་ཧ་ལམ་གཟིགས་འབུལ་དང་། དེར་བཞུགས་དཔོན་སློབ་སྦྱིན་བདག་བཅས་ཀྱི་ཞབས་ཏོག་ཟན་ཆས། ཆོས་སྡེ་ནས་དབང་གཞི་བཏེག་པའི་སྐྱེ་བོའི་ཚོགས་ལ་ཁྲོམ་དབང་དང་གནས་གསང་རྡོ་རྗེ་འཆང་དེ་ཉིད་དགུང་གྲང་བཅོ་བརྒྱད་དུ་ཕེབས་སྐབས་ཡིན་འདུག་ཀྱང་མཛད་བཟང་ལ་ཐུགས་སྤྲོའི་ཡར་ལུང་དབོན་རིན་པོ་ཆེ་ཞེས་ཕྱིས་སུའང་གཙིགས་ཆེན་མཛད་ཅིང་། གནས་གསར་གོང་མའི་ཐུགས་དམ་མ་མགོན་སྐུ་བྱིན་ཆེན་ཞིག་དང་ཐུན་རུ་ཁྱད་མཚར་སོགས་འབུལ་བར་མཛད་འདུག་ཅིང་། ཞལ་རྒྱས་ལོ་རྒྱུས་ཁ་ཤས་ཡོད་ཚོད་འདུག་ཀྱང་ཟིན་བྲིས་མ་རྙེད། དེ་སྐོར་གྱི་ཐུགས་བྲེལ་རྣམས་གྲུབ་ནས་ཆིབས་བསྒྲུར་ཏེ། བཙན་ཐང་ལྷ་ཁང་གནས་གཟིགས། ཚེ་ཆུ་འབུམ་པའི་ཚེ་ཆུ་ནས་དཔོན་སློབ་ཚང་མས་བཞེས། དེ་ནས་རིམ་ཕེབས་ཀྱིས་བྱ་ས་དང་། རྣམ་སྲས་གླིང་དུ་བཞུགས་ཞག གྲ་ཕྱིར་སེར་ཕྲེང་ཆོས་སྐྱོང་སྐུ་ཕེབས་སོགས་ཀྱི་སྤྱན་དྲངས་ཏེ་དགོན་དེར་ཕེབས། རྟེན་གསུམ་སྤྱི་དང་། ཁྱད་པར་མཁས་གྲུབ་ཁྱུང་པོའི་ཐུགས་དང་། ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་ཕྱག་ནས་མར་གྲགས་པ་སོགས་གཟིགས། གྲ་