R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༧
[A:༦༡༧]ཐང་དུ་སེར་ཕྲེང་ཆོས་སྐྱོང་སྐུ་ཕེབས་བཅས་གོང་བཞིན། ཁྱད་པར་ཞང་བློན་རྡོ་རྗེ་བདུད་འདུལ་དངོས་སུ་ཐིམ་པར་གྲགས་པའི་མགོན་གཡག་བྱིན་ཅན་གྱིི་ཕེབས་བསུ། གནས་གཟིགས་ཁྲོམ་དབང་ཕྱག་དབང་ཞབས་ཏོག་སོགས་གོང་བཞིན། ཀྱཻ་རྡོ་རྗེའི་སྦྱིན་སྲེག་མཆོད་གར་སོགས་གཟིགས་འབུལ། གྲ་བྱམས་གླིང་གནས་གཟིགས། གདུང་ཕུད་ཆོས་འཁོར་དུའང་ཕེབས་བསུ་སྐུ་ཕེབས་སོགས་གོང་བཞིན། རང་རང་འབྱོར་པ་དང་བསྟུན་པའི་དངོས་འབུལ་དང་ཁྱད་པར་དོལ་བསམ་མཁར་བས་དབང་གཞི་བཏེག་སྟེ་ཁྲོམ་དབང་གནང་སྐབས་ཚེ་ཆུ་སྟོབས་ཆེར་བབ་པས་ཉེ་འཁོར་ཕལ་ཆེར་ལ་འཐུང་རྒྱུ་བྱུང་། ར་བ་སྨད་དུ་སེར་ཕྲེང་ཆོས་སྐྱོང་སྐུ་ཕེབས་ཀྱི་ཕེབས་བསུ། གནས་གཟིགས་ལྕོག་ཏུ་ལྷ་བསངས། ཐུགས་དམ་བསྐང་བ་ལྷ་བསངས་ཀྱི་སྤྱན་འདྲེན་སྐབས་ཆོས་སྐྱོང་དངོས་སུ་གཟིགས་པ་ལྟ་བུའི་གཟིགས་སྟངས་མཛད་མུར། སྐུ་རྟེན་པར་ཆོས་སྐྱོང་སྐུ་ཕེབས་རྩིས་ཀྱིས་སུ་སྒྲ་ཆེན་པོ་བྱུང་བ་ལ་རྗེ་ཉིད་ནས་རེ་ཞིག་མ་ཕེབས་ཞེས་པའི་ཕྱག་བརྡའ་ཞིག་མཛད་སོང་བར་ཕེབས་འཕྲོར་གཡལ་ཁ་ཤས་དང་བཅས་རེ་ཞིག་ཡལ། སླར་ཕེབས་པར་ཆོས་སྐྱོང་གཞན་ལས་ཐུགས་ནང་གཤིན་པའི་གསུང་གླེང་སོགས་ལེགས་ལམ་ཆེ་ཞིང་། དེ་སྐབས་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དང་མཇལ་ཚུལ་ནི། རྨོར་