[A:༦༡༨]ཆེན་གྱི་རྣམ་ཐར་སྒེག་མོའི་མེ་ལོང་ལས། ལྕགས་གླང་ཟླ་བ་དང་པོར་རང་ལོ་རེ་བརྒྱད་པའི་སྟེང་གདན་ས་ཆེན་པོ་ནས་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་གོང་གི་མཇལ་ཕྱག་གྲུབ་ནས་བསམ་ཡས་བརྒྱུད་ལྷོ་ཁ་ཕྱོགས་སུ་ཆིབས་ཁ་བརྒྱུར་བ་ར་བ་སྨད་དུ་ཚེས་དྲུག་ལ་ཕེབས་པའི་སྒོ་དོད་ཞེས་དང་། དེ་འཕྲོས་ལྕགས་ཟམ་པའི་སྐོར་གསུང་མཐར། ཚེས་དྲུག་གི་ནུབ་ལྕགས་ཟམ་པའི་སྐུ་མདུན་ནས་ཐོན་པར་མཛད་དེ་གོང་དཀར་དུ་ཕེབས། དེ་ནས་ར་བ་སྨད་དུ་ཕེབས་ཚུལ་ནི། ཡང་གོང་གི་རྣམ་ཐར་ལས། དེ་ནས་མགྱོགས་པར་ཡོང་བས་ར་བ་སྨད་དུ་ཉི་མ་ཁ་འབོལ་ལ་འབྱོར། ཚེས་དྲུག་གི་ཉིན་བློ་གསལ་ཀྱང་ཕེབས་བསུར་ཕྱིན་པའི་མགྲོན་གཉེར་ལ་ཚེས་བདུན་ལ་གྲྭ་ཚང་གི་ཞབས་བརྟན་ཡིན་གཤིས་བརྒྱད་ལ་ཕུལ་ཆོག་པ་སྙན་གསན་ཕུལ་འདུག་དོན་ལྟར་དེ་ཉིན་གྲྭ་ཚང་གི་ཞབས་བརྟན་གྱི་དུང་བརྡའ་གཏོང་བ་དང་སླེབས་པ་དུས་མཉམ་དུ་བྱུང་། མཇལ་ཕྱག་ཀྱང་ཚོགས་རང་དུ་ཤར་མར་ཞུས་པར་གོང་མ་རིན་པོ་ཆེ་ཁྲི་ཐོག་ནས་བཞེངས་པའི་དགྱེས་ཚོར་ཆེ་བར་ཞལ་འཛུམ་བཅས་གནང་། དཔོན་སློབ་ནས་ཚེ་དཔག་མེད་རོང་སྟོན་བརྒྱུད་པར་སྦྱར་ཆོག་པའི་ཆོག་ཁྲིགས་ངེད་རང་ནས་བགྱིས་པ་དེ་འཛུགས་ས་གནང་བར་གསུང་ཆོག་ཀྱང་ཤིན་ཏུ་འགྲིག་པ་སྐུ་གསུང་ཐུགས་རྟེན་ལ་བདག་གི་བཤད་པ་བགྱིས་ནས་དཔོན་སློབ་