R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༡༩
[A:༦༡༩]ཀྱིས་རིམ་གྱིས་བཏེགས་ནས་ཕྱག་ཏུ་འབུལ་བ་གནང་། ཞལ་བཞེས་ངེད་ཀྱི་ཞུས་པར་ཚོགས་པས་མཎྜལ་འབུལ་བ་སོགས་དང་སྤྱི་སྒེར་ཐམས་ཅད་ནས་འབུལ་དཔངས་ཤིན་ཏུ་མཐོ་བར་འདུག དེའི་སང་ཉིན་སྔ་མ་ཇི་ལྟ་བ་བཞིན་གསུང་ཆོག་གྲྭ་ཚང་ནས་མང་ཇ་གཉིས་ཐོག་ནས་གནང་བར་ངེད་རང་ནས་སྐུ་རྟེན་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་ཞལ་གཟིགས་ཀྱི་སྒྲོལ་མའི་སྐུ་མཐོ་གང་པ། གསུང་རྟེན་བདག་ཉིད་ཆེན་པོའི་ཕྱག་དཔེ་རྒྱ་ནག་མ་པདྨ་རཱ་ག་དང་མརྒད་སོགས་ཀྱི་ཁྲ་ལྡན་བ་སོའི་གླེགས་ཤིང་འགངས་ཆེ་བ། ཐུགས་རྟེན་གདུང་རྟེན་ལྕགས་རྩེ་མ། མཛོད་བཏགས་འདོམ་འཁོར་མ་བཅས་ཕྱག་ཏུ་ཕུལ། མཛོད་བཏགས་བསོད་བཏགས་རྟགས་བརྒྱད་བཅས་ལེགས་པ་ཉི་ཤུ་རྩ་དགུའི་ཕོན་གྱི་མགོ་བྱས་པའི་བཅུ་གསུམ་ཚན་རྡོ་རྗེ་གསང་ལམ་མ་དམར་པོ་ལེགས་པས་མགོ་བྱས་པ། སངས་རྒྱས་སོ་ལྔའི་སྐུ་ཐང་གྲ་ཚར་སྤུས་ལེགས་བཅོ་ལྔས་འགོ་བྱས་པ། སྦུག་ཆོལ་རྙིང་མ་ཤུབས་བཅས་ཀྱིས་འགོ་བྱས་པ། འདི་ཐམས་ཅད་ལ་དྲིལ་གཏན་ནས་མེད། མཇུག་ཏུ་ཉ་ལྕིབས་ཀྱི་མེ་ཏོག་ཆས་འགོ་བྱས་པ་སོགས་གང་ཡོད་ཐོག་ནས་དངོས་གཙང་བར་ཕུལ། རྨོར་པའི་སྤྱི་སོ་གྲངས་སོ་སོའི་འབུལ་བ་ཡང་ནད་ཁྱག་ཡོད། དེ་མཇུག་ཏུ་རབ་བརྟན་གྱི་བཙུན་མ་རྣམས་ཀྱིས་སྤྱི་འབུལ་དང་སྒེར་འབུལ། བྱང་ཁ་རྒྱུད་ཀྱི་སྦྱིན་བདག་རྣམས་