[A:༦༢༠]ཀྱང་འཐུད་པས་བག་དྲོ་བར་བྱུང་། སྟེང་དུ་སྒེར་མཇལ་ལ་ཡང་མཛོད་བཏགས་ཕོན་ཆེ་བ་དང་། ཡུམ་དྲུང་དང་ཕྱག་མཛོད་ལ་ཡང་ཕྱག་མཇལ་གྱ་ནོམ་པ་ཕུལ། ཡར་ལུང་སོགས་ནས་ངེད་ཀྱི་ལག་ཏུ་གནམ་ལྕགས་ཀྱི་རྡོ་རྗེ་ཡོངས་གྲགས་དེ་ཡོད་པ་སྙན་དུ་འབུལ་མི་བྱུང་སྟབས་ཕྱག་མཛོད་ནས་དེ་འདྲ་ཡོད་འདུག་པ་སྤུས་བསྒྱུར་དགོས་ནན་གྱིས་གནང་བྱུང་བར་ཐོག་མར་དེ་འདྲའི་རིགས་མེད་ཅེས་སྐུ་རྩེད་ཞུས་པར་ནན་བསྐྱེད་གནང་བྱུང་བར་། དེ་འདྲ་ཡོད་པ་སྔར་སོར་ནས་འབུལ་རྩིས་ཡིན་རུང་བདག་རྐྱེན་མ་གནང་ན་ཆུད་ཟོས་དོགས་བྱུང་ཀྱང་ཐུགས་ལ་གཏང་ན་ཅིས་ཀྱང་འབུལ་སྤྲོ་ཞེས་མཐིང་ཁྲ་དང་ཁགས་ཀྱི་ན་བཟའ་བཅས་བདག་ཆེན་རིན་པོ་ཆེ་རང་གི་ཕྱག་ཏུ་ཕུལ་བས་ཤིན་ཏུ་དགྱེས་པའི་རྩེར་གསོན། བདག་ནི་ནོར་བདག་པོའི་ཕྱག་ཏུ་འཕྲོད་སྙམ་དགའ་བ་ཐོབ། ད་དུང་དེ་རིགས་ལག་ཏུ་འཁོར་བྱུང་ན་ཅིས་ཀྱང་དགོས་ཞེས་བཀའ་གནང་ཞིང་ཡུམ་ནས་ཀྱང་ནན་བཅགས་ཆེ་བར་བྱུང་། སྐུ་ཞབས་རིན་པོ་ཆེ་ནས་དམ་རྫས་སྟོང་རྡོ་བརྒྱ་རྡོ་གཉིས་བསིལ་མ་ཕོན་ཆེ་བ་ཕྱག་མདུད་བཅས་དང་། དངུལ་སོགས་ཚན་གྲངས་གནང་བ་མ་ཞུས་ཀྱང་། དེ་ནུབ་ཕྱག་མཛོད་ནས་རྡོ་རྗེའི་ལེགས་སོ་ཡིན་གནང་བའི་དངུལ་སྲང་སུམ་ཅུ་ཁ་བཏགས་བཅས་གནང་བར། དེ་ལ་ལྟས་ནས་ཕུལ་བ་མིན་པས་དམ་རྫས་བྱུང་ན་གང་བྱུང་ཞུ་དགོས་