R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༣
[A:༦༢༣]མ་ཡིན་པའི་མགོན་ཁང་སོགས་ཀྱི་གནས་གཟིགས། ཁྲོམ་དབང་། རྫོང་ནས་ཀྱང་སྒེར་དང་དབྱིངས་ས་ནས་སྩལ་བའི་བཀའ་འཛིན་ནང་ལྟར་གྱི་ཟུར་གསོས་དང་། སྔོན་རྡོ་རྗེ་གདན་པས་དབྱེན་དགོན་དུ་བཏབ་པའི་བདེ་ཆེན་ཆོས་འཁོར་བཤད་སྒྲུབ་གླིང་སོགས་རང་གཞན་གྱི་དགོན་སྡེ་རྣམས་ནས་ལེགས་འབུལ་ཕུན་སུམ་ཚོགས་པ་བྱུང་། དེ་སྐབས་རྩེ་གདོང་ཞབས་དྲུང་ནོར་བུ་རྒྱལ་མཚན་ལ་ཞུ་ཤོག་ཟུར་གསོས་སོགས་འབུལ་བར་མཛད་ཚུལ་གོང་དེ་ཉིད་ཀྱི་རྣམ་ཐར་དུ་བཤད་པ་ལྟར་རོ། ། གོང་དཀར་ནས་ཆིབས་བསྒྱུར་ཏེ་ཆུ་རི་གྲུ་བརྒྱུད་སྟག་ཁུ་སྤོ་བས་ཕེབས་བསུ་སོགས་དང་བཅས་དེའི་བླ་བྲང་དུ་བཞུགས་འཚེར་གནང་། དགེ་འདུན་རྣམས་དང་། ཉེ་འཁོར་ཆེ་བཙན་རྣམས་ལ་མཇལ་ཕྱག སྐྱེ་བོའི་ཚོགས་ལ་ཤུར་ཕྱག ཁྲོམ་དབང་གནང་སྐབས་ཚེ་བུམ་ལས་ཚེ་ཆུའི་རྒྱུན་ཤིན་ཏུ་ཆེ་བ་བབས་ཉེ་འདབ་ཆོས་འཁོར་ཡང་རྩེ་ནས་ལེགས་འབུལ་སོགས་རྒྱ་ཆེན། ཁྲུས་སྡེ་ཞལ་ངོ་རྣམས་ནས་གསོལ་སྟོན་ལེགས་འབུལ། དེ་ནས་ཞེ་རེ་སྐྱེད་ཚལ་དུ་ཕེབས་བསུ། ལེགས་འབུལ་སོགས་རྒྱ་ཆེན་དང་། ཁྲོམ་དབང་སོགས་གནང་། ཆུ་རིའི་གྲུ་དང་གན་པ་ལ་བརྒྱུད། དཔལ་དེར་ཕེབས། ཞལ་ངོ་རྣམས་ཀྱི་ཟུར་གསོས་གསོལ་སྟོན་ལེགས་འབུལ། སྣ་དཀར་རྩེ་རྫོང་དང་སྟག་ལུང་མགོན་ཁང་དུ་གུར་ཞལ་གྱི་བསྐང་