[A:༦༢༤]ཆས་ཀྱང་བཟང་བར་སྩལ།
དེ་ནས་ཐར་གླིང་དུ་ཕེབས་བཞུགས་ཞག་གི་རིང་མང་འགྱེད་ཁྲོམ་དབང་སོགས་སྩོལ་བར་མཛད། དེ་ནས་རྗ་ར་དང་། ཁ་རོ་ལ་བརྒྱུད་ཕེབས་པ་ན། ར་ལུང་ཁ་མོ་དགོན་སོགས་ནས་ལེགས་འབུལ། མཐོང་ལྕགས་རྫོང་མགོན་ཁང་དུ་བསྐང་ཆས་ཕུལ། རྒྱབ་ཁྲ་ནས་སྐྱོར་ངར་ཕེབས། ཞལ་ངོ་རྣམས་ནས་བསྙེན་བཀུར། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་ཉེ་བར་གུར་པ། མངོན་དགའ་བ། ཁང་གསར་བ། བདེ་བ་ཅན་པ་རྣམས་ཀྱི་བླ་སྤྱི་དབུ་ཆོས་སོགས་ནས་ཆིབས་བསུ། གྲྭ་ཚང་། དེ་བཞི་དང་རྒྱལ་རྫོང་བཅས་ནས་ཟུར་ཆས་བཞུགས་རིང་གྲྭ་ཚང་གི་བླ་སྤྱི། དབུ་ཆོས་དགེ་འདུན་སོགས་དང་ཉེ་བསྐོར་གྱི་དྲུང་འཁོར་ཆེ་བཙན་རྣམས་ལ་མཇལ་ཕྱག་དང་། ཤུར་ཕྱག། ཁྲོམ་དབང་། དེར་བཞུགས་རྟེན་གསུམ་རྣམས་དང་། རི་ཁྲོད་དགའ་ལྡན། མཆོད་རྟེན་མཐོང་གྲོལ་ཆེན་མོོ་བཅས་ལ་གནས་གཟིགས་སོགས་གྲུབ་ནས་ཕེབས།
རྩེ་ཆེན་ཞོལ་དུ་གྲྭ་ཚང་ནས་གཟིགས་གུར་དང་བཅས། གསོལ་སྟོན་ལེགས་འབུལ་ཕུན་སུམ་ཚོགས་པ་བྱུང་ཞིང་། ཐོང་ལྕགས་མགོན་ཁང་གི་སྐུ་གཉེར་གུར་པའི་གྲྭ་པ་བཅོས་མེད་འདྲ་བ་ཞིག་གིས་དྲུང་ཡིག་ཀུན་སངས་ལགས་ཀྱི་ཕྱག་ནས་འཇུས་ཏེ། མཆི་མ་གཏོང་ཞིང་ངུ་མ་ལབ་འཕྲོས་སུ། འདྲེན་མཆོག་དམ་པ་འདི་