R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༦
[A:༦༢༦]གསུང་བྱུང་ཡང་མ་ངེས། ཞྭ་ལུ་མཐིལ་དུ་བཞུགས་སྒར་གྲྭ་ཚང་སྤྱི་དང་། དཀར་པོོ་གྲྭ་ཚང་ནས་གང་ཅིའི་ལེགས་ཆ་རྣམས་གྲངས་རྒྱ་ཆེན་ཞུས། རི་སྦུག་ཏུ་ཕེབས་གནས་གཟིགས་མཆོད་འབུལ་ག་ཡ་དྷ་རའི་བུམ་ཆུ་ཞལ་ཕྱེའི་སྐུ་ཁྲུས་དང་། གྲྭ་ཚང་ནས་ཀྱང་ལེགས་འབུལ། དེ་ནས་ལྕགས་ལ་བརྒྱུད་ཨེ་ཝམ་ཆོས་ལྡན་ནས་མཁན་ཆེན་རིན་པོ་ཆེ་ཁང་གསར་བ་ཁྲི་པའི་དབུས། ཐར་རྩེ། ཀླུང་སྡིངས་དཔོན་སློབ། གཞིས་གཉེར་སོགས་ཆིབས་བསུ་བ་རྣམས་དང་བཅས་ཕེབས་ཏེ། ཀླུ་སྡིངས་བླ་བྲང་དུ་བཞུགས། བླ་བྲང་གཞུང་སྒེར་སོ་སོ་ནས་གསོལ་སྟོན་ལེགས་འབུལ་ཞག་བདུན་སྐོར་བཞུགས་པའི་རིང་གནས་གཟིགས་ཆེ་བཙན་སོགས་ལ་ཕྱག་དབང་། སྐྱེ་བོའི་ཚོགས་ལ་ཁྲོམ་དབང་། དེ་ནས་ཆིབས་བསྒྱུར་ཏེ་བཞུགས་ཞག་གནས་སུ་མཛད། མི་སེར་སོགས་ལ་མཇལ་ཕྱག་བྲག་སྐྱེ་རེར་དགེ་སྡིངས་ནས་ཐབ་འཛིན། ཌ་ཌི་ཁ་བ་ལྷས་ཀྱི་བླ་མ་དབུ་ཆོས། ཤབ་གཉེར་རྒན་པོ་སོགས་ཀྱི་ཆིབས་བསུའི་ཁྲོ་ཕུར་ཕེབས་བྱམས་ཆེན་སྐུ་འབུམ་རྣམ་སྲས་བཅས་གནས་གཟིགས་མཛད་རྗེས། དགེ་སྡིངས་གཟིམ་ཆུང་དུ་གདན་དྲངས་ཏེ། གསོལ་སྟོན་ལེགས་འབུལ་ཆེ་བཙན་ལ་མཇལ་ཕྱག ཁྲོམ་དབང་། དགེ་སྡིངས། ཌ་ཊིའི་གནས་གཟིགས་སོགས་གྲུབ་ནས་ཆིབས་བསྒྱུར་ཏེ་རྒྱ་མདུད་བརྒྱུད་དཀྱིལ་