R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༠
[A:༦༣༠]མ་དང་ས་ལུགས། བདེ་མཆོག་དྲིལ་བུ་ལུགས་ཕྱི་ནང། གུར་སྒྲོལ་ལྷ་བཅུ་གཅིག རྒྱུ་མ་ཆེན་མོ་ལྷ་ལྔ། ཡང་དག་མར་མེ་དགུ་པ། གདུགས་དཀར་ཞེ་གཉིས། བཅུ་བདུན་མ་ཉེར་བདུན་མ། རྩི་མོ་རིགས་བསྡུས། དྲི་མེད་རྣམ་གཉིས། མཁའ་འགྲོ་རྒྱ་མཚོ། ཀྱཻ་རྡོར་འགྲེལ་ལུགས། ཕག་མོ་སོ་བདུན་མ་སོགས་དབང་དུ་མ། ཚེ་དབང་ལྕགས་སྡོང་མ། ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག སྒྲུབ་ཐབས་རིན་འབྱུང་། འཇམ་དབྱངས་དང་ས་པཎ་སྦྲགས་སྒྲུབ། སྒྲོལ་དཀར། རྡོ་རྗེ་ཤུགས། དབྱངས་ཅན་དཀར་དམར། འཇམ་དཔལ་གང་བློ་མའི་རིག་གཏད། སངས་རྒྱས་ཀླུ་དབང། བཅུ་གཅིག་ཞལ། གཙུག་གཏོར་རྣམ་རྒྱལ། མི་གཡོ་བ་དཀར་པོ། ཕྱག་རྡོར་གོས་སྔོན། སྨེ་བརྩེགས་བདུད་ཁ། འཇིགས་བྱེད་དཔའ་གཅིག ཨི་ནྡྲ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད། དམར་ཆེན་སྐོར་གསུམ། དམར་ཆུང་སྐོར་གསུམ། རྣམ་སྲས་རིགས་ཆེན་བཅོ་ལྔ། ཕྱག་རྡོར་ཁང་བརྩེགས། ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་གསུམ། ལས་གཤིན་སོགས་རྗེས་གནང་གི་རིགས་དུ་མ། ལམ་འབྲས་རྡོ་རྗེའི་ཚིིག་རྐང་གི་བཤད་པ་མན་ངག་བཤད་མཛོད་སྟེང་ནས་འཛིན་ཆོས། དག་ལྡན་སྙེ་མའི་སྟེང་ནས་རྟག་གཉིས་རྒྱུད་བཤད་འཛིན་ཆོས་སྦས་དོན་གསལ་བའི་སྟེང་ནས་གསུང་ངག་ལམ་འབྲས་གསན་པར་པོད་ནག་མ་ལམ་བསྐོར་ཕྱི་མ་