R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༢༩
[A:༦༢༩]སྤེལ་བར་བཞེད་དེ་བདག་ཆེན་ཤར་པའི་སྲས་མོ་ལྕམ་ལྷ་མཛེས་བུ་ཁྲིད་གསང་ཡུམ་དུ་བཞེས། རྒྱལ་དབང་ཐམས་ཅད་མཁྱེན་པར་ཞབས་བརྟན་གསོལ་འདེབས་ཞུ་ཤོག་རྟེན་གསུམ་སོགས་འབུལ་བ་དང་བཅས་མཛོད་པ་བཀྲ་ཤིས་དོན་གྲུབ་རྫོང་བདའ་མཛད་པར་གཞུང་ཞབས་རིན་པོ་ཆེ་ནས་མགོ་འདྲེན་བརྩེ་གཟིགས་ཀྱི་ལེགས་ལམ་ཕུན་སུམ་ཚོགས་པ་དང་། དེ་སྐབས་ཕུལ་བྱུང་རྒྱབ་བྱང་པའང་སྔར་ཤུལ་དུ་སྩལ་བ་དང་བཅས་མཛོད་པས་ལས་ཕྱག་བདེ་བར་འཁོར། དེ་ནས་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར་གོང་དཀར་རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག་གི་དྲུང་དུ་སྐྱབས་གསུམ་འཛིན་པ་དང་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གཉིས། ཆོ་ག་བྱེད་དོ་ལུགས་བཞིན་གྱི་སྒོ་ནས་སོ་སོར་ཐར་པའི་སྡོམ་པ་དང་། ཐེག་ཆེན་དབུ་སེམས་གཉིས་ཀྱི་ཆོ་གའི་སྔོ་ནས་སེམས་བསྐྱེད། གསོ་སྦྱོང་བསྙེན་གནས་ཡན་ལག་བརྒྱད་པ་ཏེ་བྱང་སེམས་ཀྱི་སྡོམ་པ་དང་། ཡང་དེ་ཉིད་ཀྱི་དྲུང་དུ་འཆི་མེད་རྔ་སྒྲ། ཨ་ར་པ་ཙ་ན་ལྷ་ལྔ། གཟའ་ཡུམ་ལྷ་བཅུ་བཞི་རྣམ་འཇོམས། བེར་ལུགས། དགྲ་ནག་ལྷ་བཅུ་གསུམ་མ། གདོང་དྲུག་ལྷ་ཉེར་གཅིག དུས་འཁོར་བྱིས་པ་འཇུག་པའི་དབང་བདུན་གོང་མ་གོང་ཆེན་གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། བསྲུང་བ་ལྔ་། གུར་རིགས་བསྡུས། འཇིགས་བྱེད་ཞེ་དགུ་