[A:༦༣༡]བརྒྱད་། གཙོ་ཆེའི་ཆོས་སྣ་སོ་དགུ་རྣམས་ཀྱི་ལུང་། ཡབ་ཡུམ་རྒྱུ་ལམ་གྱི་དབང་ལམ་ཟབ། བིར་བསྲུང་། སྒྲུབ་པ་ལུང་སྦྱིན་རྣམས་དང་། གཞན་ཡང་ཨཥྚའི་བྱད་བཟློག རྟེན་འབྲེལ་བསྲུང་བ། གོ་ཆ་ལྔའི་བསྲུང་བ། གུར་མགོན་ལྕམ་དྲལ་ལྷ་གསུམ་སྦགས་སྒྲུབ། གུར་ལྷ་དགུ་མ། གུར་མགོན་ཆོས་སྐོར་ཁ་སྐོང་གླེགས་བམ་གྱི་ལྗང་གླེགས་བམ། གོང་དཀར་མགོན་པོད་རྣམསཀྱི་ལུང་། བྲག་རྫོང་མའི་ཉམས་ཁྲིད། གསང་ཁྲིད་ཐུན་མོང་མ་ཡིན་པ། དཔལ་མགོན་ཞལ་བཞི་གསང་སྒྲུབ་དང་སྒྲུབ་དུས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ཞལ་པོད་ཀྱི་ལུང་། དེའི་གསང་འཁྲིད་ཐུན་མོང་མ་ཡིན་པ། འོད་དཔག་མེད་ཀྱི་ཉལ་འཕོ་འཁྲིད་བརྒྱ། གཡུ་ཐོག་སྙིང་ཐིག་བསྐོར་སོགས་བསམ་གྱིས་མི་ཁྱབ་པ་གསན་ནོ། །
གཞན་ཡང་ཡོངས་འཛིན་དམ་པ་སྔ་ཕྱི་རྣམས་འདིར་ཕྱོགས་གཅིག་ཏུ་བརྗོད་ན་ཁང་གསར་ཞབས་དྲུང་བསོད་ནམས་བཟང་པོ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའི་མཚན་ཅན། ཐུབ་བསྟན་རྣམ་རྒྱལ་མཁན་ཆེན་དབང་ཕྱུག་ཕུན་ཚོགས། ཛ་ལུང་རིག་འཛིན་ཆེན་པོ་པདྨ་འཕྲིན་ལས་དང་། འགྱུར་མེད་གསང་སྔགས་བསྟན་འཕེལ་སོགས་མདོར་ན་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞལ་སྒོ་ལས་ཟབ་པ་དང་རྒྱ་ཆེ་བའི་ཟབ་མོའི་ཆོས་