[A:༦༣༤]མཛད་འདུག
དེ་ནས་དཱ་ཆིང་བ་དུར་འབུལ་བ་སྟོབས་ཆེན་དང་བཅས་དད་མཇལ་དུ་བྱོན་པར་མཇལ་ཕྱག་ཚེ་དབང་སོགས་ལུགས་གཉིས་ཀྱི་སྒོ་ནས་མཉེས་པར་མཛད་ཅིང། དཔོན་དེ་ཉིད་ནས་གདན་ས་འདི་བསྟན་པའི་འབྱུང་ཁུངས་ཡིན་པས་ཆོས་སྲིད་གང་སར་རྣམ་སྤྱོད་དོད་པ་ཞིག་གནང་དགོས་ཞུས་པ་བཞིན། ཆོས་གྲྭ་ལྷོ་བྱང་དུ་བཅའ་ཡིག་ཆེན་མོའི་ཟུར་འདེབས་སྨར་ཐུས་རེ་གནང་བ་སོགས་ཆོས་སྲིད་རིམ་བཞིན་ཡར་ལྡན་འབྱུང་བའི་ཐུགས་འཁུར་ཆེ་བཞེས་བཀའ་དྲིན་ཀྱང་དུས་དེ་ཙམ་ལ་གུ་རུ་པདྨའི་མ་འོང་ལུགས་བྱང་འགའ་ན་ས་སྐྱའི་ས་གནད་རྣམས་སུ་རིགས་གསུམ་མཆོད་རྟེན་ཀཀྞི་དང་བདུད་འདུལ་མཆོད་རྟེན་རྣམས་བཞེངས་པས་བསྟན་འགྲོ་སྤྱི་སྒེར་ལ་ཕན་པར་ལུང་བསྟན་ཡོད་མོད་ཀྱི་དེ་བཞིན་བཞེངས་པར་མཛད་པར་རྒྱུ་ས་འབུམ་ཆོས་འཁོར་གདུགས་ཏོག་གསེར་ཟངས་མཛེས་བྱེད་དྲིལ་བུ་ཁ་ཤས་ཀྱི་རྒྱན་པ་རྣམསལ་གཟུངས་རིང་བསྲེལ་རྣམ་བཞི་དང་། གོང་ས་རིན་པོ་ཆེར་ཆེད་དུ་ཞུ་གནང་གི་འདོད་གསོལ་བཅས་བཞུགས་སུ་གསོལ་བ་ལ་རྗེ་ཉིད་རྡོ་རྗེ་འཛིན་པའི་འཁོར་དང་བཅས་པའི་རབ་གནས་དང་གོང་དཀར་བ་ཆེན་པོ་བློ་གྲོས་མཚན་ཅན་གྱིས་ཀྱང་དེ་བཞིན་དུ་མཛད་ཅིང་གཞན་ཡང་དེ་དུས་ཆོས་སྲུང་རྣམས་ལ་འཕྲིན་འཆོལ་འདོད་གསོལ་ཞིག་ཀྱང་གོང་