R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༥
[A:༦༣༥]ས་རིན་པོ་ཆེར་བཀའ་རྩོམ་ཞུ་བར་མཛད་དོ། ། ལོ་དེའི་སྟོན་དཔལ་ས་སྐྱའི་དབུ་རྩེའི་གཙུག་ལག་ཁང་འཇམ་དབྱངས་གཟི་འོད་འབར་བ་སོགས་སྐུ་གསུང་ཐུགས་རྟེན་བྱིིན་ཅན་བགྲང་ཡས་བཞུགས་པའི་དྲུང་དུ་བདག་ཉིད་ཆེན་པོ་འདིའི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་མཐའ་དག་གཅིག་ཏུ་འདུས་ཤིང་ཟབ་པའི་མཐར་ཐུག་གསུང་ངག་རིན་པོ་ཆེ་སྨིན་གྲོལ་ཆ་ལག་འགའ་ཞིག་དང་བཅས་སྩལ། དད་འདུས་ཀྱི་སློབ་མ་རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མ། ཡུམ་བསྟན་འཛིིན་བསོད་ནམས་བཟང་མོ། ལྕམ་ལྷ་མཛེས་བུ་ཁྲིད། བདག་གི་དྲིན་ཆེན་རྩ་བའི་བླ་མ་བྲག་རྩ་བ་ཆེན་པོ། ཆོས་གྲྭ་རྣམ་གཉིས་ཀྱི་མཁན་ཆེན་སྨོན་བདེ་བ་གློ་བོ་ལྷ་བཙུན། ཆོས་གྲྭ་ལྷོ་བྱང་། ཆོས་ལྷུན། སྒྲུབ་སྡེ་གོང་འོག་གདོང་དགའ་ཕུ་གསུམ་སོགས་ནས་འདུས་པའི་ཆོས་ཉན་པ་གསུམ་བརྒྱ་ལྷག་ཙམ་སྨིན་གྲོལ་མཆོག་གི་ལམ་ལ་དཀྲི་བར་མཛད་པའི་སྐབས་སུ་བླ་མ་རྒྱ་བོད་ཀྱི་རྣམ་ཐར་སོགས་རྣམ་ཐར་རགས་བསྡུས་གསུང་ངག་ཁོག་ཕུབ་སོགས་སྣང་གསུམ་དང་འབྲེལ་བའི་ལུང་དུ་མ་སེམས་སྐྱེད་ཆེན་མོ་ལྷ་མཐིལ་རྡོ་ཆལ་དུ་བསྩལ་ཞིང་སློབ་མ་རྗེས་འཛིན་ཁ་གསོའི་ལྗགས་བསྙེན་སོགས་རྒྱུ་དབང་མངོན་རྟོགས་བདུན་ལྡན་པོད་སེར་པོད་དམར་སོགས་ལྗགས་ལུང་སྟོབས་ཆེན་ལྟ་བ་ཕྱི་བསྐྱེད་རིམ་ལམ་དབང་ནང་