R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༧
[A:༦༣༧]བོའི་རང་མཚང་སྟོན་པའི་སྐབས་སུ་འདྲིའོ། བསམ་བརླིང་ལྷ་མོ་གསོལ་མཆོད་ཀྱི་མདུང་དར་བཞེས་སྤྲོ་སྤུས་གཙང་འདི་རྣམས་བཟོ་བར་མཛད། མ་ལག་དེ་སྒམ་ཡེར་བཞུགས་སྐབས་རྗེ་འདི་གདལ་ཆུར་ཆབ་བདུགས་ལ་ཕེབས་དུས་གསུང་ལས་ཁ་སང་ཆུ་བདུགས་ཀྱི་ཡས་ཙམ་རྡོ་དཀྱིལ་ཕ་གིར་བལྟོས་དང་གསུངས་བཞིན་མཛད་པས། རྡོ་ངོས་ལེགས་ཞིག་ལ་ཞབས་རྗེས་གཟིགས་པ་བཞིན་བླ་མ་མཆོད་དཔོན་སར་གསུང་སྒྲོས་བྱུང་བས་རྡོ་ཕ་གའི་ཐད་འོད་མཐོང་ཡང་སྣང་མེད་དུ་བཞག་པ་དེ་འདི་ཡིན་འདུག གཞན་ལ་མ་གསུང་བར་དེ་ཁར་བཞག་གནང་བ་བཞིན་མ་ལགས་དེ་ནས་ཕྱིས་སུ་ངེད་རང་ལའང་སྟོན་པར་མཛད་བྱུང་བས་ཞབས་འདྲེད་ཤོར་བའི་རྗེས་ལྟ་བུ་ཞིག་འདུག དགུང་གྲངས་ཉི་ཤུ་པར་ཤིང་འབྲུག་ལོར་དབོ་ཟླའི་ཚེས་འགོར་ཕུར་བཟློག་ཟོར་འཛིན་གྱི་སྐུ་འཚམས་ལ་བཞུགས་མུར་དྲུག་ཅུ་གཏོར་བཟློག་འཕར་མ་ཞིག་གི་བསྐུལ་གྱི་བསམ་མ་ཚུགས་པ་དང་། མགོན་ཁང་དེའི་འཚམས་མགོན་རྔུལ་རིས་མ་སྐུ་ཡོངས་རྫོགས་ཕྱིར་ཕེབས་ཤིང་གཏོར་མ་ཐེབས་ནས་ནང་དུ་བྱོན་པའི་གཟིགས་སྣང་དང་། གོང་དུ་བཤད་པའི་ལྷ་མཐིལ་འཁྱམས་སྨད་ལྷོའི་ཀ་བ་གས་གྲུམ་ཅན་འདེགས་འཁྲུལ་གྱི་བཟོ་བཞེད་གང་ཅིའི་སྐོར་གཞན་གྱི་བློས་མ་འཁྱུད་པར་གསུང་བརྟག་ཞུས་པའི་ལན་ལྗགས་མཐུན་གྱི་