R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༨
[A:༦༣༨]དབར་ལ་ཕྱིར་ཕེབས་སུ་ངེད་རང་གི་སྤྱི་སྟེང་ན་རིགས་འཛིན་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པར་ཐུགས་རྗེས་བྱིན་རླབས་བསྐུལ་ཏེ་དྲེགས་བྱེད་རྣམས་ལས་ལ་འབྱོན་པ་ཡོད། འོན་ཀྱང་ཐུན་ཡུངས་འདི་དེ་ཁུལ་ཕྱོགས་ཀུན་གཏོར་ནས་ཐེ་ཚོམ་མེད་པའི་ལས་ཧུར་ཐོགས་དགའ་རབ་ཡོང་ཕེབས་པ་བཞིན་སྒྲུབ་པས་དེ་ཁོ་ན་བཞིན་གྱུར་པའི་ཀ་མགོར་མྲྀ་ཏའི་ཕྱག་ཚྭ། སངས་རྒྱས་འཕེལ་གདུང་། ས་ཆེན་གོང་མའི་བདུད་རྩི་རིལ་བུ་སོགས་བྱིན་རྟེན། འཕྲལ་ཡུན་ཕན་བདེའི་འདོད་གསོལ་བཅས་བཞུགས་པར་སླད་ནས་རྗེ་ཉིད་ཀྱིས་ཕྱག་ནས་མཛད་ཅིང་། དེ་དང་ཆབས་གཅིག་ཤིང་བཟོ་དར་པོ་ཁོ་ནས་ཟླ་གསུམ་ཁོངས་ཕུར་ཁང་ཤར་སྐྱོར་ཤིང་སྒྲིགས་ཚེགས་མེད་དུ་འགྲུབ། དེ་དུས་གདབ་ལས་ཀྱི་དམ་རྫས་མཛོད་པ་བཀའ་བཞི་བས་ཕུལ་བའི་མཐོང་སྣང་དུ་མི་ནག་གཉིས་ཀྱི་དམ་རྫས་ཚོམ་ཙམ་ཁུར་བ་ཤར་ཞིང་། དངོས་སུའང་སྣོད་ནས་ཅུང་ཟད་བོ་ཞེས་ཐོས་ལ། ཡུམ་དྲུང་བསྟན་འཛིན་བསོད་ནམས་བཟང་མོའི་ཐུགས་བཞེད་བཞིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་ཆོས་གསར་བཞེངས་གིས་འཆར་གཞི་དང་ལོ་དེའི་ཆུ་སྟོད་ཟླ་ནང་ནས་རྒྱུན་འཛུགས་ཀྱི་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་ཟླ་བ་བྱུང་ངོ་ཅོག་གི་བཅུ་དགུ་ལ་ཚོགས་ཡོངས་ནས་བསྐང་གསོ་དང་། ཉིན་ལྟར་བཞི་གྲའི་བསྐང་རྒྱུན་གདུང་རབས་མྱུར་བྱོན་གྱི་སྐུ་རིམ་