R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༣༩
[A:༦༣༩]དུ་འཛུགས་པར་མཛད་དེ་སྐབས་སྐྱེད་ལྷས་སུའང་གསེར་ཏོག་དང་མཎྜལ་ཞིག་ཀྱང་འབུལ་སྦྱོར་གནང། དགུང་གྲངས་ཉེར་གཅིག་པ་ཤིང་སྦྲུལ་ལོར་ཨ་ལྕེ་དྲུང་སྐྱིད་སྐྱིད་ཚེ་རིང་ངམ་ཀུན་དགའ་བསོད་ནམས་བསྟན་པའི་ཉི་མ་བཙས། བཀའ་འགྱུར་གསར་བཞེངས་ཀྱི་ཤོག་བུ་གསེར་སྙུ་གུ་བྲིས་པ་རྣམས་ལ་རྒྱུད་སྡེ་ནས་འབྱུང་བའི་བྱིན་རླབས་མཛད། མ་དཔེ་རྒྱལ་རྩེ་ཐེམ་སྤང་མའི་བུ་ལོ་ཆེན་ཐུགས་རྗེ་དཔལ་བས་ཞུ་དག་མ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་གཡར་ཞུས་ལ་ཐུགས་འདོད་བཞིན་བཀའ་དྲིིན་ཆེ་བས་བསྙེན་བཀུར་སྤྱན་འདྲེན་ངོས། མཐིང་ཤོག་པ་སུམ་ཅུ་སྐོར་གསེར་འདུལ་བ་བཅུ་ལྷག་གསེར་ཡིག་པ་བརྒྱ་དང་བཅུ་གཅིག གླེགས་ཤིང་བཟོ་རྩི་གདོང་དར་ཞལ་ཁེབས་ན་བཟའ་བཟོ་པ་བཅུ། གཞན་ཡང་ལས་པ་དུ་མ་དང་བཅས་ཟླ་གྲངས་བཞི་ཙམ་གྱི་ཁོང་དུ་བསྐྲུན་པར་གཞུང་སྒེར་གྱི་མང་ཇ་བསྐོར་བཤལ་སྟོན་མོ་སོགས་ཀྱི་བདག་རྐྱེན་དང་། ཞུ་དག་བྲིས་པ་རྣམས་ཀྱི་ཚར་གཅིག ཞུས་ཆེན་པ་རྣམས་ཀྱི་སྦྱར་ཀློག་སོགས་ཐེངས་གསུམ་བཅས་ལན་བཞིའི་རྗེས་སུ་གོང་གི་ན་བཟའ་སོགས་ཀྱིས་སྤྲས་ཤིང་གོས་བཟང་གི་བླ་བྲེ་ཡོལ་བ་མཆོད་པའི་ཡོ་བྱད་དུ་མའི་དབུས་སུ་བཞུགས་པ་ལ་རབ་གནས་མདོར་བསྡུས་ཡང་ཡང་མཛད་ཡོད་དམ་སྙམ་ཞིང་ད་ལྟ་གྲོ་བཞིན་བཅུ་དགུའི་དུས་ཆེན་སོགས་ལ་འདོན་