R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༤༠
[A:༦༤༠]པའི་གདུགས་རྒྱལ་མཚན་སོགས་རྒྱུ་བཀོད་ཁྱད་མཚར་འདི་རྣམས་གསར་བསྐྲུན་མཛད། དགུང་གྲངས་ཉེར་གཉིས་པ་མེ་རྟ་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར་ལྷ་ཁང་ཆེན་མོའི་ཁྱམས་སྟོད་དུ་རྗེ་འདི་རྡོ་རྗེ་འཛིན་པའི་འཁོར་ཚོགས་དང་བཅས་པས། དཔལ་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་མཆོད་དང་འབྲེལ་བའི་རབ་གནས་རྒྱས་པ་ཉིན་བདུན་མ་ཞི་རྒྱས་སྦྱིན་སྲེག་དང་བཅས་པའི་མཐར་གོང་གི་མཆོད་ཕྲེང་གསར་པ་སྔོན་འགྲོའི་ཕྱི་བསྐོར་ལ་ཕེབས་ཏེ་མེ་ཏོག་གི་ཆར་འབེབས་པ་སོགས་མཛད་པས་སྔར་ནས་གླེགས་བམ་རྣམས་གསེར་མདངས་ཞན་ཡང་དེ་ནས་བཟུང་ཡིག་འབྲུ་རྣམས་མདངས་ལེགས་ཤིང་འོད་འཚེར་བ་སོགས་གསུང་རྣམ་པར་དག་པ་སོར་རྟོག་ཡེ་ཤེས་དངོས་སུ་བཞུགས་པའི་མཚན་མ་ཤར་ཡུམ་དྲུང་སྐུ་དྲིན་ཅན་དེ་ཉིད་དང་། གདམ་ས་གཞུང་བཅས་ནས་གསུང་བསྐུལ་ཡང་ཡང་བཀའ་དྲིན་ཆེ་བ་དང་། ངེད་རང་གི་ཐོག་ལའང་ཚར་ཁ་ཤས་གསུང་བསྐུལ་ཞུས་ཤིང་། ཁྱད་པར་གནས་གསར་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་གླེགས་བམ་འདི་ཐོག་ནས་ལྗགས་ལུང་བཀའ་དྲིན་ནོས་པས་གདན་ས་ཆེན་པོ་འདི་ཉིད་དུ་དུས་ཕྱིས་དཔལ་ས་སྐྱའི་གདུང་བཀའ་འགྱུར་གྱི་ལུང་ཡོངས་རྫོགས་གསན་པ་ཁོ་བོ་མཆེད་ཙམ་ཡིན་པས་རྒྱུ་མཚན་དེས་ནས་ཡུམ་སྲས་གཉིས་ནས་