R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༤༥
[A:༦༤༥]དེས་གླེང་སྐད་ཐོས་ཤིང་། བསྟན་འགྲོ་སྤྱི་རིམ་བཀའ་འགྱུར་གསུང་སྒྲོགས། སྒྲོལ་ཤེར་འབུམ་ཐེར། ཆོས་བསྲུང་ལ་བསྐང་བ་འཕྲིན་འཆོལ་སོགས་ལན་མང་བསྩལ་ཞིང་། རྗེ་ཉིད་ནས་ཀྱང་གསོལ་འདེབས་འཕྲིན་འཆོལ་ནན་ཏན་བཀའ་དྲིན་ཆེ་བའི་དབུས་གཙང་སོགས་རྒྱལ་ཁམས་སེམས་ཅན་ཐམས་ཅད་ཕན་ཚུན་ཚེ་རབས་མང་པོའི་ཕ་མ་ཉེ་འབྲེལ་དུ་གྱུར་པའི་དྲིན་དྲན་ཤེས་ཀྱི་བདེ་འཇགས་ཐུགས་འདུན་རྩེ་གཅིག་གནང་མུར་ཁྲུམས་ཟླའི་ནང་ཁའུ་ཆབ་ཚན་ཁར་ཀོང་པོ་རྒྱས་བསྐོར་བ་དེར་འབྱོར་གྱི་མཇལ་ཕྱག་ཚེ་དབང་ཞུས་སྐབས་ཚེ་ཆུ་མང་བར་བབས་ཅིང་ཁོང་པས་དུས་གཟིར་ལས་འཕྲོས་པའི་ཆགས་སྡང་བརྗོད་རིགས་སྣ་ཚོགས་ཞུས་པར་ཕྱོགས་རིས་སུ་མཆེད་པའི་གསུང་འཕྲོས་གང་ཡང་མ་གནང་བས་གནས་སྐབས་སུ་གསུང་འཕྲོས་མི་མཁྱེན་པ་ལྟར་གྱུར་ཀྱང་། རྒྱས་སྲས་རྣམས་ལ་གསེར་དང་བོང་བ་མཚུངས་པའི་རྣམ་ཐར་དང་མ་འོང་པའང་གཟིགས་པར་མངོན་ནོ། ། དེ་ནས་དགུང་གྲངས་ཉེར་བཞི་པ་ས་སྤྲེ་སྣོན་ཟླའི་ཉེར་དྲུག་ལ་རྒྱལ་ཕམ་སོ་སོར་ཕྱེ། དབྱུག་ཟླའི་ནང་ཙམ་ལ་གང་རྒྱལ་བར་གོང་མ་ཆེན་པོའི་བདག་རྐྱེན་བཀའ་དྲིན་ཆེ་བས་ཕོ་ལྷ་ནས་མིའི་དབང་པོས་ལྗོངས་འདིར་ལུང་རྒྱུགས་ནས་རིང་པོར་མ་ལོན་པར་ལེགས་འབུལ་དུ་མཛོད་པ་རྫོང་བདའ་གནང་བས་མཆོད་ཡོན་དམ་པ་