R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༤༤
[A:༦༤༤]སྔར་ཤུལ་དུ་བཞུགས་པ་ཞིག་གཟིགས་པ་འདི་ནི་དབུས་གཙང་དུས་འཁྲུག་དེས་རྒྱལ་བ་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ལ་སྐུ་གེགས་ཆེ་ངོར་རྗེ་ཉིད་སོགས་ཀྱིས་སྐུ་རིམ་ལ་རྟག་འགྲུས་མཛད་པས་མ་སྐྱོན་ཙམ་བྱུང་བ་འདི་ཡང་ཤེས་ལྡན་གཟུར་གནས་རྣམས་ངོ་མཚར་བའི་གནས་སོ། ། དེ་ནས་ཆུ་སྟོད་བཅོ་བརྒྱད་ཉིན་ལྷ་ས་བླ་བྲང་དུ་ལུམ་པ་ང་ཕོད་སོགས་དབུས་དྲུང་ང་རྒྱལ་ཅན་རྣམས་ཀྱིས་ཁང་ཆེན་ནས་དཱ་ཆིང་བ་དུར་ང་རྒྱལ་ཅན་དཀྲོང་པས་དབུས་གཙང་དགྲ་གཤེད་ཀྱི་བརླག་རེས་ལ་བསྟན་དོན་ཡིན་ཚུལ་གྱི་མིང་སྙན་ཐོགས་པ་བྱུང་འདུག་ཀྱང་ཉམས་མྱོང་ཅན་རྣམས་ཀྱི་གཟིགས་དང་བཀའ་བསྟན་ལུགས་ཀྱི་བསྟན་བཅོས་བཅས་ནས་འབྱུང་བའི་བསྟན་དོན་བྱེད་ལུགས་རྣམས་ཀྱང་འདི་འདྲ་ཡིན་པ་འདུག་གམ། གང་ལྟར་སོ་སོར་ཆིངས་སྒྲིག་དུ་ཕན་རེའི་མཛོད་པ་ཕྲལ་རྫོང་ལ། ཆིངས་རེ་བྲལ་བས་ལོག་པར་སྙིང་རུས་ཀྱིས་མི་སྡོད་པ་གསུང་བའི་བཀའ་ནན་དང་ཞག་ཤས་ནས་མགྲོན་གཉེར་བསོད་ནམས་བསམ་གྲུབ་གཟིམ་ཆུང་དུ་འབོད་གནང་གི་ཆིངས་ལ་འགྲོ་དགོས་ཚུལ་ཕེབས་པར་ཡང་། ཆིངས་རེ་མེད་ཚུལ་ཞུས་པས་སེམས་ཅན་རེ་གཉིས་ཀྱི་སྲོག་སྐྱོབས་བྱུང་ནའང་ཆོག་པས་ཅིས་ཀྱང་འགྲོ་དགོས་གསུང་པ་བཞིན་ཕྱིན་པ་ན་མི་བརྒྱ་ཕྲག་དུ་མའི་སྲོག་སྐྱོབས་བྱུང་བ་ཡིན་ཞེས་མགྲོན་གཉེར་