[A:༦༤༧]འཕྲལ་དངས་བྱུང་། ནག་ཟླའི་ཚེས་བཅུ་གཅིག་ལ་ཁོ་བོ་བཙས། དེ་ནས་ས་གའི་བདུད་རྩི་རིལ་སྒྲུབ་ཉེར་བརྒྱད་ཉིན་མ་ལགས་དེ་ནས་ཞབས་བརྟན་གསོལ་འདེབས་དངོས་ཕྲན་འཕུལ་བར་བྱོན་པས་རིལ་སྒྲིལ་བའི་ཚོགས་དབུར་རྗེ་ཉིད་བཞུགས་པ་བི་རྺ་པའི་རྣམ་པ་ཅན་ལ་བུད་མེད་མདོག་མི་འདྲ་བས་བསྐོར་བ་ཞིག་ཏུ་གཟིགས་པ་དང་། ཕུར་དབང་ཐོག་མར་གསན་སྐབས་ཙམ་ལ་ཡིན་ནམ་ཕུར་དབང་ཞིག་གི་དུས་བླ་མའི་སྐུ་ལས་འོད་སྔོན་པོ་འཕྲོས་པ་མ་ལགས་རང་ལ་ཕོག་པས་སྦྲིད་ཅིང་བཞུགས་མི་ཐུབ་པ་ལྟ་བུས་འདར་བུན་གྱི་སྤྱན་ཞལ་ཆུ་འཕྲུག་བདེ་སྟོང་གི་ཐུགས་ཉམས་ཤར་བ་དང་། གནས་སྐབས་དེ་དག་ཏུ་ངོས་རྣམས་ལ་ཚེ་དབང་ཞིག་སྩོལ་ཚེ་ཟན་བུམ་ལས་ཚེ་ཆུ་ཁ་དོག་སྣ་ཚོགས་ཕེབས་ཤིང་། ཡང་བཙུན་མོར་བདག་ཅག་རྣམས་ལ་མགོན་པོ་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཞིག་སྩལ་དུས་རབ་གསལ་གྱི་བྱ་གདང་ཁར་བྱ་རོག་བབས་ནས་སྐད་སྙན་སྒྲོག་ཅིང་རྗེས་གནང་ཞུ་མི་རྣམས་ལ་ལྟ་བ་དང་། གདལ་ཆུར་ཆབ་བཞུགས་ཞིག་གི་དུས་པུ་ཏྲས་བསྐུར་བྱུང་གསུང་བའི་རྡོ་གྲི་ཀ་ཏོའི་དབྱིས་ཅན་ལོགས་ལ་ལས་མཁན་གྱི་བླ་རྡོ་ཕ་ཝང་ལོང་བུ་ཁ་ཤས་འབྱར་བ་ཞིག་ཁོ་བོར་གནང་བ་ནང་སོ་ཉམས་བཟོའི་དུས་སུ་པུ་ཏྲའི་གཟུངས་ལ་ཕུལ་ལོ། །
ཡང་ཡབ་རྗེ་མངྒའི་མཚན་ཅན་ནས་རྗེ་འདིའི་དྲག་ལས་