[A:༦༤༨]མངོན་སྤྱོད་འགྲུབ་པར་ལུང་བསྟན་ལྟར་སྐབས་ཤིག་བསམ་ཡས་ཆོས་སྐྱོང་ཆེན་པོ་ཐོག་ཕེབས་ཀྱི་ལུང་ལས། ས་སྐྱ་དགེ་བཤེས་ནས་ངེད་ཀྱི་གནས་ཁང་དེར་སྣྲོན་ཟླའི་ཉ་ལ་ངོས་ཀྱི་གསོལ་ཁ་དྲག་བསྐུལ་བཅས་ཐོང་། འདྲེས་ཀྱང་བསྟན་དགྲ་གདུག་ཅན་ཚར་གཅོད་པའི་གྲོགས་བྱེད་གསུང་བ་བཞིན་མཛད་པས། ལྕོག་གི་སྒོ་འགྲམ་དུ་སྒྲ་ཆེན་པོ་དང་བཅས་ཁྲག་ཕོར་གང་སྟོར་བྱུང་བས་སྒོ་ལོགས་སུའང་དམར་ཆིལ་གྱི་བྱུང་བ་དང་བསྟུན་རྗེ་འདིའི་གཟིགས་སྣང་ལ་ལྕོག་ནང་དུ་མེ་ལྕེ་ལྷབ་ཀྱི་བྱུང་བ་ཞིག་ཤར་བས་དུས་དེར་བདུད་སྤྲུལ་འགའ་དེར་བསྒྲལ་ལམ་སྙམ། ཡང་གཞུང་ཞབས་རིན་པོ་ཆེ་ནས་བསྟན་འགྲོའི་སྤྱི་རིམ་དུ་གཏོར་བཟློག་དགོས་ཚུལ་ཕེབས་པའི་ཟོར་འཛིན་མཛད་སྐབས་འཕེན་ཉིན་སྐྱེད་ལྷས་ཕྱོགས་ནས་འབྲུག་སྒྲ་དང་སེར་རྐང་འཁྱུག་ཅིང་ཆར་མུན་ཤིན་ཏུ་ཆེ་ཁྲོད་རྗེ་ཉིད་སྐུ་བོང་རྒྱུན་དང་མི་འདྲ་བའི་ཆེ་བར་ལས་མཁན་འཁོར་བཅས་ཀྱི་བསྐོར་བ་ལྟ་བུས་གཟུགས་མེད་ཀྱི་སྒྲ་སྣ་ཚོགས་དང་བཅས་ཕལ་ཆེར་གྱི་སྣང་བར་ཤར་ཞིང། ཆར་གྱི་སྟབས་ཞབས་ལྷམ་འདམ་གྱི་གཤེར་ཡོད་སྙམ་གཟིམས་དཔོན་དཀོན་མཆོག་ཡར་འཕེལ་གྱི་ཕྱི་བར་བརྩམ་པ་ན། རླན་ཅུང་ཟད་ཀྱང་མེད་པ་བྱུང་ཞིང་། དགུན་གྲང་དུས་ཀྱང་གཏོར་ཟོར་མི་འཁྱག་པ། གཏོར་སླང་ལ་དྲོད་སྐྱེ་བ། དགུག་གཞུག་མཛད་པས་ཟན་ལིང་མདོག་འགྱུར་བ་ནི་ཁོ་བོ་