R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༤༩
[A:༦༤༩]གཞོན་ནུའི་སྐབས་དབང་ཁང་དུ་ཕུར་བཟློག་སྐུ་རྐྱང་གི་སྒྲུབ་པ་མཛད་མཐར་གདབ་ལས་ཚོགས་ཡོངས་དང་བཅས་ཕྱིར་མཛད་དུས་ཡང་འབྲེལ་སོ་དྲུག་མ་ཚར་བར་ལ་ལིངྒ་བག་ཕྱེ་རང་མདོག་ཏུ་ཡོད་པ་ལ། དགུག་གཞུག་རྗེས་མ་ནས་བཟུང་ཟངས་གཡའ་སོགས་ཀྱིས་བྱུགས་པ་ལྷ་བུའི་ལྗང་ཁུར་གྱུར་པ་ཞིག་ཤིན་ཏུ་གསལ་བར་མཐོང་བ་སོགས་མངོན་སྤྱོད་ཀྱི་ལས་འགྲུབ་པའི་མཚན་མ་འདི་བཞིན་དང་། འོག་ཏུའང་རིམ་བཞིན་འཆད་པར་འགྱུར་རོ། ། དེ་ཙམ་ནས་ཡོངས་འདུའི་གཉེར་ཁང་ནས་གཉེར་ཐོག་ལས་འཛིན་བསོད་ནམས་མཆོག་ལྡན་གྱི་བསྟན་པ་གདུང་བརྒྱུད་སྡེ་བཅས་ཀྱི་ཞབས་ཏོག་ཏུ་དམིགས་གཡུལ་ཐང་གྱང་རྩེར་མ་ཎི་གཡམ་བརྐོས་སྟེང་སྤེན་བད་སོགས་ཀྱིས་སྤྲས་ཤིང་མ་ཎི་ལག་བསྐོར་དུ་མ་དང་། རྣམ་སྣང་། སྦྱོངས་རྒྱལ། རྒྱལ་མཆོག ཤཱཀྱ། ཆེར་རྒྱས་རྣམས་ལ་ཀུན་རིག་རྩ་ལྷ་སོ་བདུན། བྱང་སེམས་ཉན་རང་སྒོ་བ་བཅུ་དྲུག་གིས་བསྐོར་བ། དུས་གསུམ་སངས་རྒྱས་ལ་ཆོ་འཕྲུལ་བསྟན་པའི་མདོ་བཀོད་ཀྱིས་བསྐོར་བ། བདེ་བ་ཅན་མངོན་དགའི་ཞིང་བཀོད་སོགས་བྲིས་ཐང་མང་བ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་སོགས་འབུར་སྐུའི་རིགས། རྗེ་བཙུན་གོང་མ་ལྔ་སོགས་སྐུ་པར་དུ་མ། བརྒྱ་མཆོད་ཀྱི་ཀོང་བུ་ཏིང་སྤོས་འཛིན་མཆོད་ཁྲི་བཅས་ཁ་ཤས། རྒྱུན་གྱི་ཡོན་ཆབ་འབུལ་སྣོད། དངུལ་ཏིང་