R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༠
[A:༦༥༠]བདུན་ཆ་གསུམ། ཁྱམས་སྟོད་ཕུར་ཁང་ཚོམས་ཆེན་ལྷོ་བྱང་། དབུ་རྩེ། གཡུལ་ཐང་། དགེ་ཚ། ཕུར་བཟློག་སོགས་ཀྱི་ཚོགས་གདན་སྤུས་གཙང་དུ་མ། དགེ་ཚའི་གུར་ཆེན་སོགས་ལེགས་བྱས་རྒྱ་ཆེན་པོ་རིམ་བཞིན་རྒྱུན་བསྲིངས་ཏེ་སྤེལ། དེ་ནས་དགུང་གྲངས་ཉེར་དྲུག་པ་ལྕགས་ཁྱི་ལོར་གུ་རུའི་མ་འོང་ལུང་བསྟན་ཞིག་ཏུ། ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་ལྷུངས་བཞེས་ཡོད་པས། འདི་ལོ་ཉེན་མི་འོང་ངམ་ཞེས་གོང་དཀར་དམ་པོ་བློ་གྲོས་དབང་ཕྱུག་ལ་གཞན་འདྲས་ཞུས་པས། རང་རེ་རྣམས་སྐྱབས་མགོན་དམ་པ་འདི་ལ་གསོལ་བ་རྩེ་གཅིག་ཐོབ་དང་སྐྱོན་མི་འོང་གསུངས་པ་བཞིན་དོན་ལ་གནས། དེ་དུས་རྗེ་འདིས་གཟིགས་སྣང་ལ་ས་སྐྱའི་ཆོས་སྲུང་རྣམས་ཞལ་ནུབ་གཟིགས་སུ་ཕེབས་པ་ཞིག་ཤར་བས། དེ་ནས་བཟུང་དུས་མདོས་ཀྱི་ཟོར་ཁ་ནུབ་ཏུ་བསྒྱུར་བར་མཛད། མཛོད་པ་བཀྲ་ཤིས་དོན་གྲུབ་དགོངས་ཞུ་གྲོལ་ཚབ་གཟིམ་དཔོན་བསོད་ནམས་བསྟན་པའི་རྡོ་རྗེ་མཛོད་པར་འཁོད། འདི་པ་གཟིམ་འགག་སྐྱ་བོའི་དུས་འགག་པ་བཀྲ་ཤིས་སུ་གྲགས་ཤིང་། ལོ་དར་མར་ཆོས་བྱས་ཏེ་གཟིམ་དཔོན་དུ་འཁོད་སྐྱ་སེར་གནས་སྐབས་ཀུན་ཏུ་ཞབས་འགྱུར་ཆེ་ཞིང་ཐུགས་རྩིས་ལྷག་པར་ཡང་ཆེ། མཆོད་ཡོན་དུ་ལས་ཕྱག་ཞུས་དུས་ཐུགས་ལ་བཏགས་ཤིང་སྐུ་དྲུང་དཔལ་བརྩེ་བ་འཁོར་བཅས་མཆོད་གཞིས་