[A:༦༥༡]སུ་གནང་།
ལོ་དེའི་ནང་མཁས་པ་ཟིལ་གནོན་ཆོས་ཁྲི་ཆེན་མོའི་མཐའ་བསྐོར་ལྕགས་རི་ཤར་ནུབ་ལ་སྒོ་ཉིས་ཧྲལ་གཉིས་རེ་འཕྲལ་ཕུགས་བརླིང་མཛེས་ཀྱི་ཉམས་གསོ། དུས་མདོས་གཟབ་མའི་རྡོར་གོང་། ཕོད་ཀ ཞྭ་ནག བསེ་ཐེབ། རྔ་ཆུང་པའི་གར་ཆས། གསེར་རྔ། རྨོག་ཁྲབ། གྲི་དོང་། བུད་མེད་ཆས་གོས་ཆེན་ལས་གྲུབ་པ་སོགས་དང་། ཚོམས་ཆེན་གདུང་ཁེབས་གོས་ཀྱི་ལྕེ་སྒྲིགས། གཞུང་ཞབས་རིན་པོ་ཆེས་སྩལ་བའི་གོས་ཡོལ་ཁྱད་མཚར། གུར་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རུ་མཚོན་སོགས་བཅའ་སྒྲིགས་ཀྱི་དུས་མདོས་གཟབ་མ་ཞིག་ཀྱང་བཀའ་དྲིན་བསྐྱང་ངོ་། །
དགུང་གྲངས་ཉེར་བདུན་པ་ལྕགས་ཕག་ལོར་ངེད་རང་གི་མ་ལགས་དེ་ལ་ཟས་མིན་ལྟ་བུས་སྙུན་གཞི་ཐུ་མོ་གདོན་རྒྱབ་བཅས་བྱུང་བར་ཉིན་གཅིག་རྗེ་འདིས་དྲག་དམར་ཉམས་བཞེས་ཐོག་ནས་བགེགས་བསྐྲོད་མཛད་པས། མ་ལགས་དེའི་གཟིགས་ངོར་བཙུན་མོའི་ཐོག་ཚད་དང་མཉམ་པའི་དྲག་དམར་གྱི་སྐུ་ལས་མེ་སྟག་དུ་མ་འཕྲོས་པས་སྐུ་ལུས་ཚིག་ཉམས་ཤར་བ་དང། དེ་རྗེས་ལྷུན་གྲུབ་ཕོ་བྲང་དུ་དྲག་པོ་སྒྲོལ་དབང་གསན་སྐབས་མ་ལགས་དེའི་གཟིགས་ངོར་རྗེ་འདི་རྡོ་རྗེ་ཕུར་པའི་སྐུར་གྱུར་པའི་ཕྱག་མཚན་རྣམས་རང་ལ་བསྣུན་ཉམས་ཀྱི་དུད་ཁུ་རྣག་ཁྲག་སོགས་ཐོན་པའི་ཐུགས་སྣང་