R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༤
[A:༦༤]འབྲས། དོ་ལུགས་གཅོད་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད། སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་སོགས་དང། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་སོགས་ལུང་གི་ཚོགས་དུ་མ་གསན་ཏེ། སྡོམ་གསུམ་སྩོལ་པའི་བླ་མ་དམ་པ་བཀའ་དྲིན་ཆེ་བ་ཞིག་ཏུ་འཛིན་པར་མཛད་དོ། ། ཡང་རྗེ་བཙུན་ཡབ་ལས་རྡོ་རྗེ་ཕུར་པའི་དབང་གསན་ཏེ་དེ་ཕྱིན་ཆད་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད། ཡང་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་རྡོ་རྗེ་ཕུར་པ་སྟོད་ལས་སྨད་ལས་ཀྱི་དབང་དང་རྗེས་གནང། སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་གྱི་ལུང་རྣམས་གསན་ཏེ། དེའི་དུས་གྲངས་ཀྱི་ལྗགས་བསྙེན་མཐར་ཕྱིན་པའི་ཚེ། ངོར་ནས་རྗེ་དཀོན་མཆོག་དཔལ་ལྡན་གྱིས་ཐེག་ཆེན་རིན་པོ་ཆེའི་མགུལ་ཕུར་ཞུ་ཡིག་བཅས་གནང། སླར་ཡང་ཕུར་པའི་འཆམས་དབྱངས་སོགས་སྦྱངས་པ་མཛད་དེ། དེའི་ཆོག་དཔོན་ལོ་ལྟར་མཛད། དགུང་ལོ་བཅུ་བདུན་པ་མེ་ཕག་སྨིན་དྲུག་ནས་བཟུང། ཟླ་བ་དྲུག་གི་བར་དུ་བཞུགས་སྟན་ཐོག་གཅིག་ཏུ་མི་ཚིག་གིས་བར་མ་ཆོད་པར་ཀྱཻ་རྡོར་གཞི་བསྙེན་བཅུ་ཆའི་སྦྱིན་སྲེག་བཅས་མཛད། ས་བྱི་ལོ་ཡབ་སྐུ་གཤེགས་པའི་དགོངས་རྫོགས་རྣམས་རྒྱ་ཆེར་མཛད། དེ་སྐུ་གསུང་ཐུགས་རྟེན་གསར་བཞེངས་རྣམས་ལ་རྗེ་བྱམས་པ་རབ་བརྟན་རབ་གནས་ལ་སྤྱན་འདྲེན་མཛད། དེའི་དྲུང་དུ་ལམ་འབྲས་