[A:༦༥]དབང་ལུང་བྱིན་རླབས་ཆ་ཚང་དང། གུར་མགོན་བྲག་རྫོང་མའི་ཕྱི་ནང་གསང་གསུམ་དང། རྩ་གསུམ་འཁོར་ལོ་བཞིའི་གསང་ཁྲིད། དེ་དང་རྗེས་འབྲེལ་གྱི་རྗེས་གནང། ཚེ་བཀའ་འགའ་ཞིག་དང་བཅས་པ་གསན་ཏེ། བླ་མ་འདིས་ཆོས་གསུང་བ་རྣམས་ཐུགས་ལ་ཤིན་ཏུ་འཇེམས་པས་གྲོལ་དུས་ཟིན་བྱུང་སྙམ་པ་བྱུང་གསུངས། ཡང་པཎ་ཆེན་ནམ་མཁའ་དཔལ་བཟང་པའི་དྲུང་དུ་བདེ་མཆོག་ནག་པོ་པའི་དབང་དང་རིམ་བཞིའི་ཁྲིད་གསན་ནས་དེའི་ལྗགས་བསྙེན་མཛད་དེ་ཡབ་ཀྱི་དུས་མཆོད་ལ་དེའི་སྒྲུབ་མཆོད་ལོ་རེ་བཞིན་མཛད། གནས་སྐབས་ཐམས་ཅད་དུ་ཉམས་བཞེས་དང་ཆོས་འཆད་ལ་ཐུགས་བརྩོན་ཆེ་བའི་ངང་ནས་རྗེ་བྲང་ཏི་པ་ཡང་ཡང་སྤྱན་དྲངས་ཏེ་གསན་པ་རྒྱ་མཚོ་ལྟར་གྱུར་པ་མདོ་ཙམ་བརྗོད་ན། རྡོ་རྗེ་ཕྲེང་བ་ཀྲི་ཡའི་དཀྱིལ་འཁོར་གསུམ། གསང་འདུས་འཇམ་རྡོར། སྤྱན་གཟིགས། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། འཇིགས་བྱེད་ར་ལུགས་རོ་ལངས་བརྒྱད་བསྐོར་དང། བཅུ་གསུམ་མ། བདེ་མཆོག་ལཱུ་ནག་དྲིལ་གསུམ། ཀྱཻ་རྡོར་བཀའ་བབས་བཞི། གུར་སམ་གཉིས། ཀྱཻ་རྡོར་བཅུ་བདུན་མ། ཀུ་རུ་ཀུལླེ་ལྷ་ལྔ་གུར་མགོན་ལྷ་བཅུ་གཉིས་མ། ཡང་ཕུར། གུར་དྲག་ཀུན་རིག་འཆི་འཇོམས། སྦྱོང་དཀྱིལ་བཅུ་གཉིས། མི་འཁྲུགས་པ། ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང་དང་རྗེས་གནང་