R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༢
[A:༦༥༢]ཤར་བ་བཞིན་བསྙུན་ལས་མྱུར་དུ་གྲོལ་ཞིང། ངེད་རང་གི་ནུ་བོ་སྔོན་མ་དེ་བཙས་དུས་བུ་ཆུང་སྐུ་ལུས་ལ་རྨ་དུ་མ་ཡོད་པ་ཞིག་བྱུང་བས་གསོ་ཐབས་རྐྱེན་སེལ་སོགས་ཐུགས་བརྩོན་མཛད་ཀྱང་ཞག་ཉི་ཤུ་ནས་དུས་མཐར་གྱུར་པའི་སྤུར་བཙུན་མོ་རབ་གསལ་འོག་ས་འབུམ་ནང་དུ་ལོ་ཁ་ཤས་བཞུགས་སོ། ། དེ་ནས་བླ་བྲང་ཕུན་ཚོགས་གླིང་གི་ས་ཆེན་སྐུ་འདྲ་རིན་པོ་ཆེ་བཞུགས་པའི་གཙུག་ལག་ཁང་བརྩེ་ཆེན་ལྷ་ཁང་དུ་གྲགས་པ་འདི་འཇམ་མགོན་བསོད་ནམས་དབང་ཕྱུག་གི་སྐུ་ཐོག་ལ་བཞེངས་པ་མཛད་འཕྲལ་ལྟ་བུ་ཡིན་འདུག་ཀྱང་། ཉམས་གསོ་བྱང་བསྐྱེད་སོགས་ཀྱི་སྣང་ཚུལ་ཤར་བས་དེ་བཞིན་དུ་མཛད་སྐབས། ཁོ་བོས་སྔོན་གཞན་གནོད་བསྐྱལ་བའི་འབྲས་བུ་དང་། འཕྲལ་རྐྱེན་ཀླུ་ཞིག་གི་གདུག་རྩུབ་འཛོམས་པས་ལུས་ཐམས་ཅད་ཤུ་ཐོར་གྱི་མནར་བར། རྗེ་འདིའི་གསུང་ལས། ཨར་པོ་བྱེད་བཞིན་པ་འདིའི་རྩིག་བསྐྱེད་ཙམ་ན་རྡོ་སྒམ་འདྲ་བར་གནས་པའི་ས་བདག་གི་གནོད་ངོ་ཤར་བས་དེ་ཕབ་ལ་དཀྱིལ་ཁང་དུ་ཀླུ་མཁར་བཟོས་པའི་ནང་ཆུག་ཕེབས་པ་བཞིན་སྒྲུབ་པས་ཤུ་བའང་རིམ་གྱིས་གསོས། དེ་ལོའི་རིལ་སྒྲུབ་འདམ་ལ་ཕྱག་བཟོ་མཛད་པའི་ཕག་གཟུགས་ཆུང་ངུ་ཞིག་བསྲུང་བར་བསྩལ་བ་བཞིན། ཕྱིས་སུ་འོག་འདོན་གྱི་གནོད་པ་ཕལ་ཆེར་བསྲུང་ཐུབ། དེ་ལྟར་ཉམས་གསོ་མཐར་ཕྱིན་སྐབས་རྗེ་