R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༣
[A:༦༥༣]ཉིད་བན་ཚང་པ་དང་བཅས་པའི་རྡོ་རྗེ་ཕུར་པའི་རབ་གནས་ཞག་བདུན་སྦྱིན་སྲེག་ཕྱི་སྐོར་མེ་ཏོག་འཐོར་བ་བཅས་མཛད་དུས། མཚན་ལྟས་སུ་གཏེར་ཆོས་སྣ་ཚོགས་ཀྱི་གླེགས་བམ་ཞིག་དང་། དགེ་སློང་གཟི་ཆེན་ཞིག་གིས་པག་རིལ་ནང་ནས་རིན་ཆེན་རིལ་བུ་འཁྲུལ་མེད་ཡིན་ཟེར་བ་ཞིག་ཕུལ་བ་གཟིགས་པ་ནི་སླད་ནས་རིན་ཆེན་རིལ་བུ་ལྟ་བུས་འགྲོ་ཕན་ཅན་དུ་མས་མཆོག་ཐུན་དངོས་གྲུབ་སྩོལ་བའི་མཚན་ལྟས་ཡང་དག་པར་མངོན་ནོ། ། དེ་ནས་སྟོན་ནང་ཙམ་ལ་མ་ལགས་བདག་སྤུན་བཅས་གསང་སྔགས་ཕོ་བྲང་དུ་སླེབས། ཚོམས་དམར་བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་གསུང་ངག་རིན་པོ་ཆེའི་ཆོས་འཁོར་གཉིས་པ་བསྐོར་བའི་སློབ་མར། མ་ལགས། རིག་འཛིན་མཐུ་སྟོབས་དབང་པོ། གཟིམས་འོག་སྤྲུལ་སྐུ། ཆོས་གྲྭ་ལྷོ་བྱང་གི་དགེ་འདུན་བཅས་འདུས་པར། མ་ལགས་ཀྱི་གཟིགས་སྣང་དུ་ཉིན་གཅིག་ཚོམས་དམར་གྱི་ནང་སྨུགས་པས་གང་བ་ལྟ་བུས་ཆོས་ཞུ་བ་རྣམས་མ་གཟིགས་ཀྱང་། རྗེ་འདི་འཇའ་འོད་ཀྱི་དཀྱིལ་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལྟ་བུ་ཞིག་གསལ་བ་དང་། འགྲོ་མགོན་དཔོན་སློབ་ཀྱི་གཟིགས་ངོར་སྐབས་ཤིག་མེ་འཐེབ་སོར་ཙམ་ཚོམས་དམར་ཕྱི་ནང་ཐམས་ཅད་ལ་རྒྱུ་བར་གཟིགས་པ་ན། གཉིས་ཀས་ལེགས་མིན་གསུང་བརྟག་ཞུས་པར། སོ་སོའི་ཉམས་སྣང་ལས་བྱུང་བའི་འཆར་སྒོ་ཡིན་པས་