R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༥
[A:༦༥༥]སྣང་གི་གཙུག་ལག་ཁང་ན་བཞུགས་པའི་ཐུགས་རྗེ་ཆེན་པོ་རང་བྱོན་བཅུ་གཅིག་ཞལ་དང་སྐུ་ཚད་མཉ་མ་པའི་བཅུ་གཅིག་ཞལ་གྱི་སྐུ་བཞེངས་བཞེད་ཀྱི་སྐུ་རྒྱུར་དཔལ་ས་སྐྱའི་རྟེན་འདམ་དཔེ་བྲལ་མ་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོ་དང་། འབྲས་ལྗོངས་ཆོས་རྒྱལ་ཕྱག་རྡོར་རྣམ་རྒྱལ་གྱི་རྟེན་འདམ་ཀླུ་འཇིམ་རྒྱ་བོད་གནས་ཆེན་གྱི་ས་སྣ་རྡོ་སྣ་ཁྱད་པར་དམ་རྫས་སྨན་སྤོས་སྟོབས་ཆེ་བ་དང་བཅས་པར་དབོ་ཟླའི་བཅུ་གཉིས་སྲོང་བཙན་སྒམ་པོའི་དུས་ཆེན་ཉིན་རྗེ་འདི་ཉིད་ནས་རྟེན་གསར་པར་བྱ་བའི་ཨརྒའི་ཆོ་གའི་བྱིན་རླབས་དང་། གནོད་སྦྱིན་འཁོར་ལོ་སྒྲུབ་པར་མཛད་དེ་བཟོ་པ་རྣམས་ཀྱིས་བཅུ་གཅིག་ཞལ་གྱི་སྐུ་རིགས་ལྔ་དང་བཅས་པ་བཞེངས་པའི་ནང་བཞུགས་རིང་བསྲེལ་རྣམ་བཞི་སྤྱི་དང་ཁྱད་པར་བཅུ་གཅིག་ཞལ་དང་དོན་ཡོད་ཞགས་པའི་གཟུགས་རིང་གྲངས་མང་། ཡི་གེ་དྲུག་མ་དུང་དུ་ཉེ་བར་བཞུགས་ཏེ་རྟེན་གྱི་བྱ་བ་ཡོངས་རྫོགས་ཟླ་བ་གསུམ་གྱི་ཁོངས་སུ་གྲུབ་པ་ལ་སྐུ་བརྒྱན་ན་བཟའ་མཆོད་ཆས་ཀྱི་སྤྲས་ཏེ་བཞུགས། ཡང་དེ་དུས་ལྷ་ཁང་ཆེན་མོ་ནས་སྤྱི་བསོད་ལ་འབྱོན་མི་དགེ་འདུན་རྣམས་ཀྱི་གསུངས་བརྟག་ཞུས་པར་ཚིགས་བཅད་དུ་བསྩལ་བའི་ཚིག་རིགས་དེ་ལས། །གཞན་ཡང་དོག་གཞི་ཆེ་བའི་ངོ་ཞིག་ལ། །བྲག་རི་ཆུ་སྲིན་གདོང་པ་འདྲ་བ་ཡི། །རྩ་བར་མཚོ་ནི་ཉ་མིག་ཙམ་ཞིག་ཡོད། །ཞེས་སོགས་དོག་གནས་