R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༦
[A:༦༥༦]གསུངས་པ་བཞིན། རོང་ཆུང་གི་ལམ་དེ་འདྲ་བ་ཞིག་ཏུ་བསོད་ནམས་བཟང་པོ་རྦབ་ལ་ཤོར་ཚད་པས་ལག་ཁྲིད་ལ་མཛོ་ཞིག་ཡོད་པ་དེ་ཤོར་བས་རྦབ་ཏུ་ལྷུང་། སྣྲོན་ཟླའི་ཚེས་བདུན་ལ་རྒྱལ་མཚན་རིན་ཆེན་མཛོད་པར་འཁོད་འཕྲལ་གཞུང་ཞབས་རིན་པོ་ཆེར་ལས་ཕྱག་ཞུ་བའི་ཐོན་ཕྱག་ཐོག་སྐྱབས་འཇུག་སོགས་གང་ཅིའི་སྙན་སྒྲོན་ཞུས་པར། རྗེ་ཉིད་ནས་གེགས་ཆགས་མེད་ཅིང་ཕུན་སུམ་ཚོགས་པར་ཡོངས་ཕེབས་དོན་ལྟར། སྐྱོན་མེད་མཇལ་ཁ་ཤིན་ཏུ་སྤྲོ་ཞིང་གཏན་ཚིགས་ལོན་པ་སོགས་ལེགས་ལམ་བྱུང་། གུང་སྐུ་ཞབས་རྐྱེན་སེལ་ཞུ་བར་ཆིབས་བསྐྱོད་ལ་ཕུར་སྒྲུབ་ཚོགས་དབུར་ཕེབས་སྐབས་མཇལ་འཛོམས་དང་། གཞན་ཡང་དཔོན་གཡོག་ཀུན་ལ་ལྷ་དགུའི་ཚེ་དབང་། སྐུ་དངོས་ལ་བྱད་འགྲོལ་སོགས་ལུགས་གཉིས་དང་འབྲེལ་བའི་ཐུགས་བཞེད་བསྐོང་བར་མཛད། ཕེབས་ཞོར་མང་མཁར་ཆབ་བཞུགས་དུས་མཛོད་པ་ཡར་འབྱོར་མང་མཁར་དུ་མཇལ་ཞུར་ཕྱིན་པས་གསུང་འཕྲོས་ལས་བདག་ཆེན་རིན་པོ་ཆེས་བཅོས་ཐབས་གནང་བའི་ཐུགས་རྗེས་ཡར་བསྐྱེད་ལ་ཆུ་ཚན་འདི་ཡང་ཤིན་ཏུ་འཕྲོད་པར་བྱུང་ཞེས་དགོས་ཉམས་གནང་བར་མ་ཟད། དེ་ནས་བཟུང་སྐུ་ཁམས་ཅུང་ཟད་སྙོམ་པར་གྱུར། གང་ལྟར་ཟླ་བ་དེའི་བཅུ་གཉིས་སྲོང་བཙན་སྒམ་པོའི་ཚེས་མཆོད་ཐོག་རྗེ་ཉིད་ཆོས་གྲྭ་རྣམ་