R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༥༧
[A:༦༥༧]གཉིས་ཀྱི་མཁན་ཆེན་སོགས་རྡོ་རྗེ་འཛིན་པའི་ཚོགས་དང་བཅས་པས་རབ་གནས་འབྲིང་པོའི་ཆོ་ག་དོན་གཉིས་ལྷུན་གྲུབ་བཞིན་མཛད་པས་རང་འདྲའི་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ་མཁན་རིན་པོཆེ་དབང་ཕྱུག་ཕུན་ཚོགས་ཀྱི་གཟིགས་སྣང་ལ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཡེ་ཤེས་སེམས་དཔའ་འོད་དཀར་པོའི་རྣམ་པ་ཅན་རྟེན་གྱི་ཐུགས་དཀར་ཐིམ་པའི་སྣང་བ་ཤར་བ་བཅས་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ཉིད་ཀྱི་དྲུང་དུ་བཙུན་མ་རྒན་གཞོན་བཞི་རེ་མོས་ཀྱིས་ཟླ་དྲུག་རེ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་ཆོ་ག་ལྟར་ཆགས་སུ་སྒྲུབ་པ་འདི་བཞིན་བསྐྲུན་པར་མཛད་ཅིང་། སྲིང་མོ་རྒན་པ་མཆོག་པའི་ཀུན་དགའ་ཆོས་ཀྱི་ཉི་མ་བཙས། དེ་ནས་དགུང་གྲངས་ཉེར་དགུ་པ་ཆུ་གླང་ལོ་ས་ག་ཟླ་ནང་ཤིང་བཟོ་རྟ་ར་བ་ངོ་གཡོག་གཉིས། ས་སྐྱ་རང་གི་བཟོ་པ་ལྔ་བཅས་ཀྱི་ཤིང་ལས་དང་། བལ་པོ་ཨ་ཏི་ཀ་ལ་བཅས་མི་གཉིས། ཤེལ་དཀར་ཟངས་བཟོ་ར་ལམ་པ་དང་ལྷ་བཙན་བཅས་མི་བཅོ་ལྔ། བར་སྦུག་བཀྲས་སྒང་པ་སོགས་མི་ལྔ། གདོང་དགའ་ཡུལ་ཆེན་བཅས་ཀྱི་ལྕགས་བཟོ་བ་མི་བཞི་སོགས་ཀྱིས་ཆོས་ཁྲིའི་རྒྱ་ཕིབས་ཀྱི་ལས་གྲ་ཚུགས་པར་འཛུགས་སྟོན་སོགས་རྒྱ་ཆེར་གནང་སྟེ་ཐུགས་བཞེད་མཐར་ཕྱིན། ཨ་ལི་ཆོས་རྗེ་ཀུན་དགའ་བསོད་ནམས་དཔོན་