[A:༦༥༨]གཡོག་དུ་མ་མཇལ་ཕྱག་ཏུ་འབྱོར་བའི་དངོས་དཔྱད་ཁྱད་མཚར་དུ་མ་དང་། ཁྱད་པར་རྗེ་ཉིད་ཀྱི་གསུང་བསྐང་རྒྱུན་དཀྲོལ་དཀར་མོ་འབྲུག་སྒྲ་ཕུལ་ཞིང་། ཆོས་སྡེ་རྣམ་གཉིས་ཀྱི་མཁན་ཆེན་དབང་ཕྱུག་ཕུན་ཚོགས་ལས་བསྙེན་རྫོགས་ཞུ་མི་མང་དུ་བྱུང་བ་ནི་ངེད་རང་གི་ཐོག་ཕྱོགས་དེར་ས་ལུགས་བཤད་སྒྲུབ་འཕེལ་བའི་རྟེན་འབྲེལ། ཨ་ཎི་དྲུང་ཀུན་དགའ་བསྟན་པའི་ཉི་མའི་ཡུམ་མཆོག་བསྟན་འཛིན་བསོད་ནམས་བཟང་མོའི་སྐུ་རིམ་གྱིས་མཚོན་འབྲེལ་ཐོགས་ཤི་གསོན་ཀུན་གྱི་ཚོགས་བསོག་སྒྲིབ་སྦྱོངས་སུ་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྐུ་ནཱ་རོ་ལུགས་རིན་ཆེན་དུ་མ་བསྲེས་པའི་རྒྱུ་ལས་གར་བུ་ཁྱད་མཚར་འདི་ཉིད་ལ་ཐོག་མར་རྗེ་བཙུན་དྲུང་དེ་ཉིད་ནས་མཁའ་སྤྱོད་མར་སྦྱར་བའི་རབ་གནས་དང་། ཕྱིས་སུ་རྗེ་འདི་ཉིད་ཀྱིས་ཀྱཻ་རྡོར་རབ་གནས་འབྲིང་པོ་བཀའ་དྲིན་ཆེ་བས་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་པ་འདི་ཡིན་ལ། གོང་གི་ལས་འཕྲོས་ཆོས་ཁྲིའི་རྒྱ་ཕིབས་སྟེང་ཤོད་ནང་གི་བླ་མ་ཡི་དམ་ཆོས་བསྲུང་ནོར་ལྷའི་བྲིས་སྐུ་ཤིང་རྩི་བཅས་ལེགས་པར་གྲུབ།
དེ་ནས་དགུང་གྲངས་སུམ་ཅུར་ཕེབས་པ་ཤིང་སྟག་ལོར་ཆོས་ཁྲི་ཐང་མོ་ཆེའི་རྡོ་ཆོལ་དུ་གཟིམས་གུར་བསམ་གྲུབ་ཕོ་བྲང་ཕུབས་ཏེ་རྗེ་ཉིད་རྡོ་རྗེ་འཛིན་པའི་ཚོགས་དང་བཅས་པས་དགེས་རྡོར་ལ་བརྟེན་པའི་རབ་ཏུ་གནས་པའི་ཡོན་བསྒོར་ངེར་རང་དང་ཕྱག་